dark_mode
Friday, 19 July 2024

Welcome to the National Assembly of Bhutan website.

རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤  གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ཆ་འཇོག་གནང་ཡོདཔ།

རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ཆ་འཇོག་གནང་ཡོདཔ།

རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤  གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ ཆ་འཇོག་མ་གནང་པའི་ཧེ་མར་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་ཁྲི་འཛིན་གྱིས་ རྒྱལ་ཡོངས་ཟས་བཅུད་བརྟག་དཔྱད་འཕྲུལ་ཁང་གི་ ནུས་ཚད་ཡར་དྲག་གཏང་ནི་དང་ ཕྱིར་ཚོང་དང་ ནང་འདྲེན་གྱི་ཞབས་ཏོག་ཚུ་ ལེགས་བཅོས་འབད་ཐབས་ལུ་ འཆར་དངུལ་ ཁ་སྐོང་ དངུལ་ཀྲམ་ས་ཡ་ ༡༤༠.༢༠༠  གནང་དགོཔ་སྦེ་ ཡང་བསྐྱར་ བསྐྱར་ཞིབ་ཀྱི་སྙན་ཞུ་ཕུལ་ཡི། 

དེ་ལུ་ དངུལ་རྩིས་བློན་པོ་གིས་ འཆར་དངུལ་འདི་ ཚོགས་ཆུང་གིས་ གྲོས་འདེབས་ལྟར་དུ་ འཆར་ལོ་འདི་གི་ ལོ་ངོ་དང་པའི་ནང་ར་ བཀོ་བཀྲམ་འབད་ནི་དེ་ དུམ་གྲ་ཅིག་ སྟབས་མི་བདེ་ནི་ཨིན་པའི་ ཞུ་བ་ཕུལ་ཡི། ཨིན་རུང་ ཚོགས་ཁང་གིས་ གྲོས་འདེབས་དེ་ལུ་ ཚོགས་དམངས་ལས་ ངོས་ལེན་ཡོད་མེད་ ཕྱག་ཡར་སེང་ཐོག་ལས་གཟིགསཔ་ད་ མང་མོས་ཐོག་ལས་ ཚོགས་ཆུང་གི་གྲོས་འདེབས་ཕུལ་མི་འདི་ ཆ་འཇོག་གནང་ཡི།

དེ་གི་ཤུལ་ལས་ དཔྱད་ཡིག་འགོ་འཛིན་པ་ དངུལ་རྩིས་བློན་པོ་གིས་  རྩིས་ལོ་ ༢༠༢༤-༢༠༢༥  གི་ འཆར་དངུལ དཔྱ་བགོའི་དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་འདི་ ཆ་འཇོག་འགྲུབ་གནང་དགོ་པའི་ གྲོས་དོན་ཕུལ་ཡི།

དེ་ལས་ ཚོགས་ཁང་གིས་ རྩིས་ལོ་ ༢༠༢༣-༢༠༢༤  གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ དངུལ་ཀྲམ་ས་ཡ་ ༨༥,༥༢༢.༥༣༦ འདི་ རྒྱན་སྐྱུར་ཚོགས་གྲལ་འཐུས་མི་བསྡོམས་ ༤༦ ཆ་མཉམ་གྱིས་ རྒྱབ་སྐྱོར་ཧྲིལ་བུམ་གནང་སྟེ་ ཆ་འཇོག་གྲུབ་གནང་པའི་ཁར་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ དཔྱ་བགོའི་དཔྱད་ཡིག་ དངུལ་ཀྲམ་ས་ཡ་ ༩༧,༦༥༤.༨༢༩ འབད་མི་དེ་གུ་ཡང་ རྒྱན་སྐྱུར་ཚོགས་གྲལ་འཐུས་མི་ཡོངས་བསྡོམས་ ༤༦ ཡོད་ས་ལས་ འཐུས་མི་ ༤༥ གིས་བཏུབ་དང་ འཐུས་མི་  གིས་མ་བཏུབ་པའི་ རྒྱན་སྐྱུར་གནང་སྟེ་ མང་མོས་ཐོག་ལས་ དཔྱད་ཡིག་འདི་ ཆ་འཇོག་གྲུབ་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཏི་རུའི་དཔྱད་ཡིག་སྦེ་ ཕུལ་ནི་ཨིན་པའི་གནས་ཚུལ། །

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
16%
Stop them from leaving
16%