dark_mode
Sunday, 15 June 2025

NA sitting will be held at 12 noon (after tea break) only on Monday as Hon'ble Finance Minister will be presenting budget to the National Council...

དྲི་བཀོད་ཀྱི་མཛད་རིམ།

དྲི་བཀོད་ཀྱི་མཛད་རིམ།

ད་རིས་ འབྲེལ་བ་ཡོད་པའི་སྡེ་ཚན་ཁ་པ་ལུ་ ངག་ཐོག་གི་དྲི་བ་ ཡོངས་བསྡོམས་གྱི་ཁག་དྲུག་འདྲི་ཡོདཔ་དང་ དེ་ཡང་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ལུ་ དྲི་བ་གཅིག་དང་ སོ་ནམ་དང་སྒོ་ནོར་བློན་པོ་ལུ་ དྲི་བ་ཁག་ལྔ་འདྲི་ཡོདཔ་ཨིན།

འཕྲལ་ཁམས་ཀྱི་ལོ་ངོའི་ནང་ལུ་ ཚན་རིག་དང་བཟོ་རིག དེ་ལས་འཕྲུལ་རིག་དང་ཨང་རྩིས་ཀྱི་ ཆོས་ཚན་ཚུ་ལུ་གཙོ་བོ་བསྟོན་དོ་ཡོདཔ་དང་ ཤེས་རིག་བློན་པོ་ལུ་ ནང་རིག་གི་ཆོས་ཚན་སློབ་སྦྱོང་འབད་དེ་ སློབ་རིམ་བཅུ་གཉིས་པ་ མཐར་འཁྱོལ་མི་སློབ་ཕྲུག་ཚུ་གི་དོན་ལུ་ འཆར་གཞི་ག་དེ་སྦེ་ཡོད་ག་ ཚོགས་དམངས་ལུ་ཞུ་དགོ་པའི་དྲི་བ་བཀོད་ཅི།

དེ་གི་ལན་ལུ་ བློན་པོ་གྱི་ཞུ་མི་ནང་ མཐོ་རིམ་ཤེས་ཡོན་གྱི་རང་དབང་འདི་ འབྲུག་རྒྱལ་གཞུང་གཙུག་ལག་སློབ་སྡེ་ལུ་ཨིན་རུང་ ལྷན་ཁག་གི་ཧོངས་ལས་ཡང་ རྒྱབ་སྐྱོར་དང་དངས་ལེན་ཡོདཔ་སྦེ་བཤད་ཅི། དེ་ཡང་ ནང་རིག་ཆོས་ཚན་ལྷབ་མི་སློབ་ཕྲུག་ཚུའི་ རིག་རྩལ་གོང་འཕེལ་བཏང་ཐབས་ལུ་ ལག་རྩལ་གྱི་སྤེལ་ཁང་མངམ་གཞི་བཙུགས་འབད་ནི་དང་ འབྲུག་རྒྱལ་གཞུང་གཙུག་ལག་སློབ་སྡེ་གིས་ཡང་ སློབ་ཕྲུག་ཚུ་ལུ་ ཚན་རིག་དང་ཡུན་རྟན་གོང་འཕེལ་ ཁྲིམས་ཀྱི་ཆོས་ཚན་ནང་ལུ་ གཙུག་ལགས་གཞི་རིམ་གྱི་ཤེས་ཚད་སྦྱང་ནི་དང་ གཙུག་ལག་འོག་མའི་སྨན་གཡོགམ་སྦྱང་ནིའི་དོན་ལུ་ སློབ་གཉེན་གྲོགས་རམ་ཚུ་ཡང་བྱིན་དོ་ཡོདཔ་ཨིན་ཟེར་ཞུ་ཡི། དེ་མ་ཚད་ སྒེར་གྱི་མཐོ་རིམ་སློབ་གྲྭ་ཚུ་གི་ནང་ལས་ཕར་ ནང་རིག་ཆོས་ཚན་དང་འབྲེལ་བའི་ལས་རིམ་ཚུ་སྒྲིགས་དོ་ཡོདཔ་ལས་ བརྒྱ་ཆ་ ༥༠.༤ དེམ་ཅི་གི་སློབ་གཉེར་གྲོགས་རམ་ཚུ་བྱིན་དོ་ཟེར་ཨིན་པས།

སོ་ནམ་བློན་པོ་ལུ་ ཀེ་བ་ཚོང་སྒྱུར་གྱི་དོན་ལུ་ མི་སྡེ་རིན་བསྡུར་ལྟེ་བ་ཚུ་གཞི་བཙུགས་འབད་དེ་ ཕྱིར་ཚོང་ཡར་དྲག་བཏང་ནི་དང་ ལས་མི་མ་ལངས་པའི་དཀའ་ངལ་སེལ་ཐབས་དང་ ཆུམ་གྱི་ཐོན་ཁུངས་ཡར་དྲག་གི་དོན་ལུ་ སྤྱི་རུབ་བྱཱ་ལཱ་འབད་ནི་གི་ ཐབས་ཤེས་ཚུ་ག་དེ་སྦེ་རང་ཡོདཔ་ཨིན་ན་ དེ་ལས་ རྩི་རང་ལུ་ཞིང་ཆུ་མ་ལང་པའི་དཀའ་ངལ་གྱི་སེལ་ཐབས་ འཕྲུལ་གླང་པཱ་ཝར་ཊི་ལར་མཁོ་གྲུབ་ཀྱི་དོན་ལུ་ སྐྱེད་མེད་པའི་སྐྱིན་འགྲུལ་དང་ ལུང་ནག་ན་ལུ་ སོ་ནམ་བཟའ་སྤྱོད་ལས་འཛིན་གྱི་ཚོང་ཁང་ གཞི་བཙུགས་འབད་དགོ་པའི་ དྲི་བ་ཚུ་ཡང་འདྲི་ཡི།

བློན་པོ་གྱིས་ཡང་ ཀེ་བ་འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ལྷན་ཐབས་སྦོམ་རང་འབྱུང་མི་ དངུལ་གྱི་ཐོག་གཅིག་ཨིནམ་དང་ དབང་འདུས་རྫོང་ཁག་ནང་གི་ས་གནས་ཁག་ལས་ཕར་ལུ་ མི་ཚེས་མཚོ་སྐྱོང་ཡང་ ཀེ་བ་ལས་བརྟེན་དོ་ཡོདཔ་ཨིན་ཟེར་ཞུ་ཡི། རྒྱལ་ཁབ་ནང་ལུ་ ཀེ་བ་གི་ཐོན་སྐྱེད་དེ་རྒྱ་ཆེ་དྲག་འབད་ཡོདཔ་ལས་ ཀེ་བ་མེ་ཊིག་ཊན་ ༢༢,༠༠༠ དེ་རེ་ཕྱིར་ཚོང་འཐབ་དོ་ཟེར་ཨིནམ་དང་ ཀེ་བ་གི་ཐོན་ཁུངས་ཡར་དྲག་བཏང་ནིའི་དོན་ལུ་ སོ་ནམ་ལྷན་ཁག་དང་ འབྲུག་བཟའ་ཆས་དང་སྨན་རིག་དབང་འཛིན་ མཉམ་འབྲེལ་འབད་དེ་ དགེ་ལེགས་ཕུག་དང་ཕུན་ཚོགས་གླིང་ མཁའ་གླིང་དང་མཞལ་སྒང་ དེ་བཟུ་སྦེ་རང་ སྤ་རོ་དང་བསམ་རྩེ་ དེ་ལས་ཕོབ་སྦྱིས་ཁ་ཚུ་གི་ས་ཁོངས་ནང་ལས་ཕར་ ཀེ་བ་མེ་ཊིག་ཊན་ བརྒྱ་རེ་ཤོང་པའི་ བསིལ་མཛོད་རྐྱབས་ཚར་ནི་འབད་དོ་ཟེར་ཨིན་པས།

དེ་དང་གཅིག་ཁར་ ན་ཧིང་ ནང་འཁོད་ཀྱི་ཆུམ་ ཐོན་སྐྱེད་མར་འབབ་སོངམ་ལས་ རྒྱ་གར་ལས་ཆུམ་ནང་འདྲེན་འབདཝ་ཨིན་རུང་ ལྷན་ཁག་གིས་ ཆུམ་རང་གྲོངས་ཀྱི་དོན་ལུ་ཕྱག་ལཱ་ཚུ་ ཙ་འགེངས་གནང་དོ་ཡོདཔ་དང་ ཆུམ་འདི་ང་བཅས་འབྲུག་མི་ཚུ་ལུ་ མེད་ཐབས་མེད་པའི་ལོ་ཐོག་གཅིག་ཨིནམ་ཟེར་ཞུ་ཡི། ད་རེས་ ང་བཅས་ཀྱི་རྒྱལ་ཁབ་ནང་ལུ་ བཟའ་སྤྱོད་འབད་ཡོད་པའི་ས་ཆ་ལས་ བརྒྱ་ཆ་ ༢༩ རྐྱངམ་ཅིག་ལུ་ཞིང་ཆུ་ལངས་ཡོདཔ་དང་ འདི་གི་དཀའ་ངལ་སེལ་ཐབས་ལུ་ ལོ་ལྔ་འཆར་གཞི་ ༡༣ པའི་ནང་ལུ་ ཞིང་ཨེ་ཀར་ ༡༢༠༠ དེམ་ཅི་ལུ་ཁྱབ་ཚུགས་པའི་ ཞིང་ཆུའི་ལས་འགུལ་གལ་ཅན་ དྲུག་དེམ་ཅི་གཙོ་རིས་སྒྲིགས་ནི་ཟེར་ཨིན་པའི་གནས་ཚུལ།

 

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
18%
Stop them from leaving
14%