dark_mode
Sunday, 19 October 2025

Welcome to the National Assembly of Bhutan's website...

འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མ་གུ་ གསུང་གྲོས་འཕྲོ་མཐུད་གནང་ཡོདཔ།

འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མ་གུ་ གསུང་གྲོས་འཕྲོ་མཐུད་གནང་ཡོདཔ།

ད་རིས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མར་གུ་ལུ་ གསུང་གྲོས་འཕྲོ་མཐུད་དེ་གནང་ཡོདཔ་དང་ ཉི་ཤོག་སྲས་ཕུག་འདེམས་ཁོང་ཀྱི་འཐུས་མི་ ཁྲིམས་བཟོ་ཚོགས་ཆུང་གི་ཁྲི་འཛིན་གྱིས་ ཚོགས་ཞུགས་ཧེ་མའི་གྲོས་འདེབས་ཚུ་གུ་ བསྐྱར་ཞིབ་འབད་ཡོད་པའི་ བསྐྱར་ཞིབ་སྙན་ཞུ་ཕུལ་ཡི།

གསུང་གྲོས་འདི་ འཕྲོ་མཐུད་དེ་གནང་པའི་སྐབས་ལུ་ ཚོགས་ཁང་གིས་ མང་མོས་ཐོག་ལས་ ལེའུ་ ༡༥ པའི་ གཞུང་སྐྱོང་དང་ བློན་པོ་ལྷན་ཚོགས་ལུ་ཡིད་ཆེད་མེད་པའི་ གྲོས་དོན་འདི་གུ་ འཕྲི་སྣོན་ག་ནི་ཡང་མ་མཛད་པས།

དེ་དང་གཅིག་ཁར་ འཐུས་མི་གཅིག་གིས་ཞུ་མི་ནང་ལུ་ གྲོས་འདེབས་དང་འཕྲི་སྣོན་ གཞན་མི་ཚུ་དང་གཅིག་ཁར་ བྱ་བའི་གནད་སྤྱོད་ཀྱི་འོག་ལུ་ འཆལ་དཀྲོག་གི་དོན་ཚན་གཅིག་ཡང་ ཚུད་དགོཔ་འདུག་ཟེར་ཞུ་ཡི།

འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མ་ འདི་ཡང་ རེས་གཟའ་དམིགས་དམར་ སྤྱི་ཟླ་ ༧ པའི་ སྤྱི་ཚེས་ ༡ ལུ་ ཆ་འཇོག་གི་དོན་ལུ་ ཚོགས་དམངས་ཀྱིས་རྒྱན་སྐྱུར་གནང་ནི་ཨིན་པའི་གནས་ཚུལ།

 

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
67%
Discourage them
17%
Stop them from leaving
15%