Dark Mode
Thursday, 22 May 2025

Welcome to the National Assembly of Bhutan.   The Third Session of the Fourth Parliament will commence on 23rd May, 2025.

སྤྱིར་བཏང་མཐོང་སྣང་།

རྒྱལ་ཡོངས་ཚོགས་འདུའི་ནང་ རྒྱལ་ཁབ་ཀྱི་འདེམས་ཁོངས་༤༧ ལས་བཙགས་འཐུ་གྲུབ་པའི་འཐུས་མི་༤༧ ཡོད། འཐུས་མི་ཚུ་ཡང་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཀྱི་སྲིད་ཚོགས་གང་རུང་ཅིག་གི་ཁོངས་སུ་གཏོགསཔ་ཨིན། ཚོགས་འདུའི་ འདེམས་ཁྲི་མང་སུ་ཐོབ་མི་དེ་གིས་ གཞུང་གཞི་བཙུགས་གནངམ་ཨིནམ་ད་ ཉུང་སུ་ཐོབ་མི་དེ་གིས་ ལྡོག་ཕྱོགས་ཀྱི་ ཕྱག་འགན་བཞེསཔ་ཨིན། རྒྱལ་ཁ་ཐོབ་མི་སྲིད་ཚོགས་དེ་གིས་ ལྷན་རྒྱས་གཞུང་ཚོགས་ཟེར་ འཛིན་སྐྱོང་ལྷན་སྡེ་གཞུང་ གཞི་བཙུགས་འབད་ནིའི་དོན་ལུ་ ཁོང་རའི་འཐུས་མི་ཚུ་གི་གྲས་ལས་ བློན་ཆེན་དང་ བློན་པོ་ཚུ་གདམ་འཐུ་འབདཝ་ཨིན།

ད་ལྟོའི་ རྒྱལ་ཡོངས་ཚོགས་འདུའི་ནང་ འཐུས་མི་༣༠ ཡོད་མི་འབྲུག་མཉམ་རུབ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་དང་ འཐུས་མི་༡༧ ཡོད་མི་ འབྲུག་ཕུན་སུམ་ཚོགས་པ་དེ་ ལྡོག་ཕྱོགས་ཚོགས་པ་ཨིན།

 འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ ཌོག་ཊོར་བློ་གྲོས་ཚེ་རིང་དེ་ ད་ལྟོའི་བློན་ཆེན་(༢༠༡༨-༢༠༢༣)ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ རྡོ་རྗེ་དབང་འདུས་དེ་ ལྡོག་ཕྱོགས་འགོ་ཁྲིདཔ་ཨིན། འཐུས་མི་དང་ བཙགས་འཐུའི་གནས་ཐོ་ དེ་ལས་ ཚོགས་རྒྱན་གྱི་གནས་ཐོ་ཚུ་གཟིགས་ནིའི་དོན་ལུ་འདི་ཁར་གཡེབ།