dark_mode
Tuesday, 14 January 2025

Welcome to the National Assembly of Bhutan

སྤ་རོ་ དོ་སྟེང་འབྲིང་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ སྤྱི་ཚོགས་ཀྱི་ཚོགས་ཐེངས་དང་པ་མཇལ་བ་དོང་ཡོདཔ་།

སྤ་རོ་ དོ་སྟེང་འབྲིང་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ སྤྱི་ཚོགས་ཀྱི་ཚོགས་ཐེངས་དང་པ་མཇལ་བ་དོང་ཡོདཔ་།

སྤ་རོ་ དོ་སྟེང་རྒེད་འོག་ དོ་སྟེང་འབྲིང་རིམ་སློབ་གྲྭའི་ སློབ་ཕྲུག་ ༢༩ དང་ སློབ་དཔོན་ ༡༦ གིས་ ད་རིས་ སྤྱི་ཚོགས་ནང་ བལྟ་སྐོར་ནང་འོང་མི་འདི་ཡང་ ལོ་ཕྱེད་་ཆོས་རྒྱུགས་ནང་ ཁྱད་འཕགས་ཅན་དང་ སྐུགས་བརྒྱ་ཆ་ ༩༠ ཡན་ཆད་ཐོབ་མི་ སློབ་ཕྲུག་ཚུ་གི་དོན་ལུ་ སློབ་སྦྱོང་ལྟ་སྐོར་གྱི་ལས་རིམ་ཅིག་ཨིན་པས།  ཚོགས་དཔོན་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་ དེ་ལས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་དང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚོགས་དཔོན་འོགམ་ དེ་ལས་ ལམ་གོང་ཝང་ལྕང་འདེམས་ཁོངས་ཀྱི་འཐུས་མི་ཚུ་གིས་ སློབ་ཕྲུག་དང་སློབ་དཔོན་ཚུ་དང་ མཇལ་ཕྲད་གནང་སྟེ་ འབྲེལ་བ་འཐབ་ཅི།

འདི་བཟུམ་གྱི་ བལྟ་སྐོར་འདི་ ན་གཞོན་ཚུ་ལུ་ སྤྱི་ཚོགས་ཀྱི་ལམ་ལུགས་ཚུ་གི་སྐོར་ལས་ ཤེས་ཡོན་བྱིན་ནིའི་དོན་ལུ་ཨིནམ་མ་ཚད་ སློབ་ཕྲུག་ཚུ་ལུ་ སྤྱི་ཚོགས་ཀྱི་བྱ་རིམ་ཚུ་ ག་དེ་སྦེ་ ལཱ་འབདཝ་ཨིན་ན་གི་སྐོར་ལས་ ཉམས་མྱོང་དང་ ཤེས་རྟོགས་ཚུ་ ཐོབ་ཚུགས་པའི་ གོ་སྐབས་བྱིན་ནིའི་དོན་ལུ་ཨིན་པའི་གནས་ཚུལ།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
17%
Stop them from leaving
15%