dark_mode
Friday, 14 March 2025
འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན་༽ དཔྱད་ཡིག ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པ།

འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན་༽ དཔྱད་ཡིག ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པ།

ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཉི་ཤོག་སྲས་ཕུག་འདེམས་ཁོངས་ཀྱི་འཐུས་མི་གིས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མའི་ ལྷག་ཐེངས་གསུམ་པའི་ གསུང་གྲོས་ཀྱི་དོན་ལུ་ གྲོས་དོན་ཕུལ་ཡི།

ཁྲི་འཛིན་གྱིས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ ༼འཕྲི་སྣོན༽ དཔྱད་ཡིག་ ༢༠༢༤ ཅན་མ་འཕྲི་སྣོན་འབད་དགོ་མི་འདི་ ཁྲིམས་བཟོའི་ འཇོན་ཐངས་དང་ དྭངས་གསལ་ དེ་ལས་ དགག་བཤེར་དང་ཚད་མཉམ་ འབྲེལ་འཐུན་དང་ གསལ་ཏོག་ཏོ་བཟོ་སྟེ་  དམངས་གཙོའི་གཞུང་ གོང་འཕེལ་ གཏང་ནི་གི་དོན་ལུ་ཨིན་ཟེར་ཞུ་ཡི། ད་རུང་ རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོའི་གཙུག་སྡེ་ སྒྲིང་སྒྲི་གཅིག་སྦེ་བཟོ་ནི་ལུ་ཨིན་ཟེར་ཞུ་ཡི།

ཚོགས་ཁང་གིས་ ཚོགས་ཆུང་གིས་ཕུལ་མི་ འཕྲི་སྣོན་གྱི་ དོན་ཚན་དང་ དོན་ཚན་གསརཔ་ཚུ་གུ་ རེ་རེ་བཞིན་དུ་ གསུང་གྲོས་གནང་ཡི། དཔྱད་ཡིག་འདི་གུ་  གསུང་གྲོས་འདི་ ནངས་པ་ དྲི་བཀོད་ཀྱི་ལས་རིམ་གྱི་ཤུལ་ལས་ གནང་ནི་ཨིན་པའི་གནས་ཚུལ།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
66%
Discourage them
18%
Stop them from leaving
16%