dark_mode
Thursday, 22 May 2025

Welcome to the National Assembly of Bhutan.   The Third Session of the Fourth Parliament will commence on 23rd May, 2025.

ཚོགས་རིམ།

རྒྱལ་ཡོངས་ཚོགས་འདུ་དེ་ གནམ་བྱཱར་དང་ དགུན་གྱི་ཚོགས་རིམ་ཟེར་ ལོ་རེའི་ནང་ཚོགས་ཐེངས་གཉིས་རེ་ འཚོགསཔ་ ཨིན་རུང་ འབྲུག་རྒྱལཔོ་གིས་བཀའ་གནང་པ་ཅིན་ དེ་ལས་ལྷག་སྟེ་ཡང་འཚོགས་ཆོག།

སྤྱི་ཚོགས་ཀྱི་ཚོགས་རིམ་སྒོ་འབྱེད་དང་ བཀར ཤིས་སྨོན་ལམ་མཛད་རིམ་ཚུ་ ཚོགས་ཁང་གཉིས་ཆ་རའི་འཐུས་མི་ཚུ་གིས་ འབྲུག་རྒྱལ་པོའི་ཕྱག་དབང་ལུ་ཐོན་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཁང་ཆེན་མོའི་ནང་སྦེ་གནངམ་ཨིན།

སྤྱིར་བཏང་ ཚོགས་ཐེངས་རེ་གིས་དུས་ཡུན་ཟླཝ་རེ་འགོརཝ་ཨིན་རུང་ དུས་ཡུན་གྱི་ཐད་ལུ་ གྲོས་གཞི་ལུ་རག་ལས་འོང་། དུས་རྒྱུན་ཚོགས་རིམ་ཚུ་ དྲོ་པའི་ཆུ་ཚོད་༡༠ ལས་དབུ་བཙུགས་གནང་སྟེ་ ཉིན་མའི་ཆུ་ཚོད་༡:༣༠ ལུ་ བར་མཚམས་ བཞག་གནངམ་ཨིན།

སྤྱི་ཚོགས་ཀྱི་བྱ་སྒོའི་རིམ་པ་ཚུ་ག་ར་ མི་མང་གིས་མཇལ་ཚུགསཔ་སྦེ་ རྒྱལ་ཡོངས་ཁ་སྐད་ རྫོང་ཁའི་ནང་ འགོ་འདྲེན་འཐབ་ཨིན།

ཚོགས་ཁང་གང་རུང་གིས་ཕུལ་བའི་ ཁྲིམས་ཡིག་ཅིག་དང་འབྲེལ་བའི་རྩོད་རྙོག་ཐོན་པའི་སྐབས་སུ་ སྤྱི་ཚོགས་ལྷན་བཞུགས་ འཚོགས་གནངམ་ཨིན། སྤྱི་ཚོགས་ལྷན་བཞུགས་དེ་ཡང་ རྒྱལ་ཡོངས་འདུའི་ཚོགས་དཔོན་གྱིས་ འགོ་འཁྲིད་འབད་ཐོག་ལས་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཁང་ཆེན་མོའི་ནང་སྦེ་འཚོགས་གནངམ་ཨིན། ནམ་རྒྱུན་རྩོད་རྙོག་ཚུ་ ཚོགས་ཁང་གཉིས་ཆ་རའི་ འཐུས་མི་ཚུ་ཡོད་པའི་ཚོགས་ཆུང་ཅིག་ བསྐོ་བཞག་གནང་ཐོག་ལས་དང་ སྤྱི་ཚོགས་ལྷན་བཞུགས་ཀྱི་ཚོགས་རིམ་སྐབས་སུ་ མཐའ་བཅད་ཚོགས་རྒྱན་བཙུགས་ཐོག་ལས་སེལཝ་ཨིན།