dark_mode
Saturday, 26 July 2025

Welcome to the National Assembly of Bhutan's website...

བཙགས་འཐུའི་བྱ་རིམ།

རྒྱལ་ཡོངས་ཚོགས་འདུའི་ བཙགས་འཐུའི་བྱ་རིམ་དེ་ཡང་ འགོ་ཐོག་བཙགས་འཐུ་དང་ སྤྱིར་བཏང་བཙགས་འཐུ་ཟེར་ སྐོར་ཐེངས་གཉིས་སྦེ་འགོ་འདྲེན་འཐབ་ཨིན། འབྲུག་གི་བཙགས་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་གྲུབ་པའི་ སྲིད་དོན་ཚོགས་པ་ཚུ་གིས་ འགོ་ཐོག་བཙགས་འཐུའི་ནང་དོ་འགྲན་འབདཝ་ཨིན། འགོ་ཐོག་བཙགས་འཐུའི་ནང་ ཚོགས་རྒྱན་མཐོ་ཤོས་དང་ མཐོ་ཤོས་གཉིས་པ་ཐོབ་མི་ སྲིད་དོན་ཚོགས་པ་གཉིས་ཀྱིས་ སྤྱིར་བཏང་བཙགས་འཐུའི་ནང་ དོ་འགྲན་འབདཝ་ཨིན། འདེམས་ཁྲི་མང་ཤོས་རྒྱལ་ཁ་ཐོབ་མི་སྲིད་ཚོགས་དེ་གིས་ གཞུང་གཞི་བཙུགས་འབདཝ་ཨིནམ་ད་ འདེམས་ཁྲི་ཉུང་སུ་རྒྱལ་ཁ་ཐོབ་མི་དེ་གིས་ ལྡོགས་ཕྱོགས་ཀྱི་སྡོད་ཁྲི་ལེནམ་ཨིན།