dark_mode
Sunday, 15 June 2025

NA sitting will be held at 12 noon (after tea break) only on Monday as Hon'ble Finance Minister will be presenting budget to the National Council...

ཞི་གཡོག་ནང་ལུ་ འཇན་ཐངས་ཅན་གྱི་བསྐྱར་ཞིབ་ཀྱི་གྲོས་དོན།

ཞི་གཡོག་ནང་ལུ་ འཇན་ཐངས་ཅན་གྱི་བསྐྱར་ཞིབ་ཀྱི་གྲོས་དོན།

གཞུང་སྐྱོང་ལེགས་ལྡན་ཚོགས་ཆེུང་གི་ཁྲི་འཛིན་ རྩི་རང་སྟོད་གསེར་གྱི་ཐང་ འདེམས་ཁོངས་ཀྱི་འཐུས་མི་གིས་ ཞི་གཡོག་གི་འཇན་ཐངས་ཅན་གྱི་བསྐྱར་ཞིབ་འདི་ ད་རིས་ ཚོགས་ཁང་ནང་ལུ་ གྲོས་དོན་སྦེ་ཕུལ་ཡི།

དེ་དང་འདྲཝ་སྦེ་ ཚོགས་ཆུང་གི་ཁྲི་འཛིན་འོགམ་ ཁམས་དྭངས་རམ་འཇར་འདེམས་ཁོངས་ཀྱི་འཐུས་མི་གིས་ གྲོས་འདི་གུ་རྒྱབ་བསྣོན་འབད་དེ་ གྲོས་དོན་འདི་གུ་གསུང་གྲོས་གནང་ནི་འགོ་བཙུགས་ཅི།


ཁྲི་འཛིན་གྱི་ཞུ་དོ་བཟུམ་འབད་བ་ཅིན་ Managing for Excellence (MaX) ཟེར་བའི་ལམ་ལུགས་འདི་གིས་ ཞི་གཡོགཔ་ཚུའི་ བློ་སྟོབས་དང་སེམས་ཤུགས་ མེདཔ་བཟོཝ་དང་འབྲེལ་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ནང་ལས་ ཞི་གཡོགཔ་བརྒྱ་དཔྱ་ལས་ ༣༥.༤༩ དེམ་ཅི་ཕྱིར་ཐོན་འགྱོ་ཡོདཔ་དང་ འདས་པའི་ལོ་ངོ་ གསུམ་དང་ཕྱེད་ཀྱི་ནང་ལུ་ ཞི་གཡོགཔ་ཡོངས་བསྡོམ་ ༨,༡༤༦ དགོངས་ཡོད་པའི་ ཞིབ་རྟོག་ཚུ་བྱུང་ཡི་ཟེར་ཞུ་ཡི། ཁྲི་འཛིན་གྱིས་ ཞི་གཡོགཔ་དགོངས་ཞུ་འགྱོ་མི་འདི་ཡང་ ལམ་ལུགས་འདི་དང་ གཞན་ཡང་ འགོ་འཁྲིད་ལེགས་ཤོམ་མེད་པའི་ཁར་ ལཱ་འབད་སའི་ས་སྒོ་མ་བདེཝ་ དེ་ལས་ གཡོག་གི་མདུན་ལམ་མ་ལེགས་པའི་ཁར་ ལཱ་འདི་ཡང་ ལྗིད་ལྕི་དྲག་སྦེ་འབད་དགོ་མི་ལས་ཨིན་པས་ཟེར་བཤད་ཅི།


དེ་དང་གཅིག་ཁར་ འཐུས་མི་ཚུ་གིས་ཞུ་མི་ནང་ལུ་ ལམ་ལུགས་འདི་ནང་གི་རིམ་ལུགས་ཚུ་གིས་ ཞི་གཡོགཔ་ནང་འཁོད་ ཨེབ་ཤུགས་ཀྱི་ཐོག་ གོ་རིམ་བསྒྲིགས་ནི་འདི་གིས་ ཞི་གཡོགཔ་ལུ་བློ་གཏད་མེདཔ་དང་ ལཱ་འབད་ནིའི་མཐའ་ཁོར་གནས་སྟངས་ཡང་ ལེགས་ཤོམ་མེདཔ་ལས་ ཞི་གཡོགཔ་ཚུ་གིས་ ཚ་གྱས་དང་ལཱ་གཡོག་འདི་ལུ་བློ་མ་བདེཝ་ལས་ སྲུང་སྐྱོབ་དང་མ་ལྡན་པའི་ལཱ་གཡོག་སྦེ་རྩིས་དོ་ཡོདཔ་ལས་ གཙུགས་སྡེ་དང་ སྤྱིར་བཏང་རྒྱལ་ཡོངས་ཀྱི་ བདེ་ཐབས་ལུ་ཐོག་སྦོམ་རང་ཕོག་དོ་ཟེར་ཞུ་ཡི། དེ་བཟུམ་སྦེ་རང་ སློབ་གྲྭ་ནང་ལས་ཕར་སྦེ་རུང་ སློབ་དཔོན་གྱི་ལཱ་ལྕི་དྲག་དང་ འགོ་ཁྲིད་ལེགས་ཤོམ་མེད་པའི་ཁར་ ངལ་གསོ་སྐབས་ལུ་ཡང་ལཱ་སྐལ་དོ་ཡོདཔ་ལས་ ཤེས་རིག་གི་སྤུས་ཚད་ལུ་ཡང་ཐོག་ཕོགཔ་མས་ཟེར་ཨིན་པས།

ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་གྱིས་ ཞུ་མི་ནང་ལུ་ ལམ་ལུགས་འདི་ནང་གི་རིམ་ལུགས་ཚུ་གིས་ ཞི་གཡོག་ཚུ་གི་ནང་འཁོད་ སྟབས་མ་བདེཝ་དང་གནོད་ཅན་གྱི་དོ་འགྲན་ཚུ་ འབྱུང་དོ་ཡོདཔ་སྦེ་ཞུ་ཡི། 

འཐུས་མི་ཚུ་གིས་ MaX moderation དང་ རང་སོའི་ལཱའི་འཆར་གཞི་འདི་དགོཔ་ཡོད་རུང་ འདི་ནང་གི་རིམ་ལུགས་ PME ཟེར་མི་འདི་གི་ ཞི་གཡོགཔ་ཚུ་དགོངས་ཞུ་དང་ སེམས་ཤུགས་མར་ཕབ་འབདཝ་ལས་ རིམ་ལུགས་འདི་ནང་ལུ་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་ཀྱིས་ འགྱུར་བཅོས་མཛད་དགོཔ་འདུག་ཟེར་ཞུ་ཡི།

ཚོགས་ཞུགས་འདི་ནང་ འཐུས་མི་ ༤༡ ཡོད་ས་ལས་ གྲོས་འདེབས་གསུམ་གུར་ རྒྱན་སྐྱུར་གནམ་ད་ འཐུས་མི་ ༤༠ གིས་ དགོ་ འཐུས་མི་གཅིག་གིས་འཛེམས་ཏེ་ མི་དགོ་ཟེར་མི་གཅིག་ཡང་མེདཔ་ལས་ གྲོས་འདེབས་ཚུ་ཆ་འཇོག་མཛད་གནང་ཡི། འདི་དང་གཅིག་ཁར་ ཚོགས་ཁང་གིས་ གྲོས་འདེབས་གསུམ་ཡང་ ཡོངས་འཛོགས་སྦེ་གྲོས་འདེབས་གཅིག་གི་ནང་ལུ་བཟོ་དགོ་པའི་ བཀའ་སྐུལ་གནངམ་དང་བཅས་ གྲོས་དོན་འདི་ཡང་ མི་རྗེ་བློན་ཆེན་ཡིག་ཚང་ལུ་ཕུལ་ཏེ་ བློན་ཆེན་ཡིག་ཚང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་མཛད་དེ་ གྲུབ་འབྲས་སྙན་ཞུ་འདི་ཡང་ ཤུལ་མའི་ཚོགས་ཐེངས་ནང་ལུ་ ཚོགས་དམངས་ལུ་ཕུལ་དགོ་ཟེལ་བའི་གནས་ཚུལ།


“མི་རྗེ་བློན་ཆེན་གྱིས་ རྒྱལ་ཡོངས་ཞི་གཡོག་ལྷན་ཚོགས་དང་ གྲོས་བསྟུན་མཛད་དེ་ ཞི་གཡོག་འཇན་ཐངས་ཅན་གྱི་ བསྐྱར་ཞིབ་གནང་སྟེ་ Bell-Curve གི་ཐབས་ལམ་འདི་ ཞི་གཡོགཔ་གི་གྲུབ་འབྲས་ཀྱི་དབྱེ་ཞིབ་ནང་ལས་ བཏོན་བཏང་དགོཔ’’

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
18%
Stop them from leaving
14%