dark_mode
Sunday, 19 October 2025

Welcome to the National Assembly of Bhutan's website...

གཞུང་གིས་ ཤེས་རིག་གི་བཅའ་ཁྲིམས་བརྩམས་དགོ་པའི་ གྲོས་དོན་གྱི་ཆ་འཇོག།

གཞུང་གིས་ ཤེས་རིག་གི་བཅའ་ཁྲིམས་བརྩམས་དགོ་པའི་ གྲོས་དོན་གྱི་ཆ་འཇོག།

དབྱིན་ཟླ་འདི་གི་ དབྱིན་ཚེས་ ༡༧ ལུ་ ལྷོ་ཐིམ་ཕུག་འདེམས་ཁོངས་ཀྱི་འཐུས་མི་གིས་ གཞུང་གིས་ ཤེས་རིག་གི་བཅའ་ཁྲིམས་བརྩམས་དགོ་པའི་ གྲོས་དོན་གཅིག་ཕུལ་ཡི། གྲོས་དོན་འདི་གུ་ གསུང་གྲོས་གནང་པའི་ཤུལ་ལུ་ ཚོགས་ཁང་གིས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ ཤེས་རིག་གི་སྲིད་བྱུས་གཅིག་ ཟིན་བྲིས་འབད་དེ་ རྒྱུས་གསལ་ཆེ་བའི་ཐུགས་ཐག་བཅད་ནིའི་དོན་ལུ་ ཚོགས་དམངས་ལུ་ཕུལ་དགོ་པའི་བཀའ་སྐུལ་གནང་ནུག།  

ད་རིས་ཡང་ ལྷོ་ཐིམ་ཕུག་འདེམས་ཁོངས་ཀྱི་འཐུས་མི་གིས་ ཤེས་རིག་འདི་སྲིད་ཀྱི་དབང་ལུ་ཐལ་ནི་ལས་བཀག་ཐབས་དང་ ཤེས་རིག་གི་སྤུས་ཚད་དང་ཚད་གཞི་ཡར་དྲག་བཏང་ནི་གི་དོན་ལུ་ ཤེས་རིག་གི་དཔྱད་ཡིག་ཚོགས་དམངས་ལུ་ ཕུལ་དགོ་པའི་གྲོས་དོན་ཕུལ་ཡི།

དེ་དང་གཅིག་ཁར་ འཐུས་མི་གིས་ ཤེས་རིག་གི་སྲིད་བྱུས་ ཟིན་བྲིས་འཐབ་ཡོད་མི་འདི་གུ་ བསྐྱར་ཞིབ་དང་ཞིབ་འཚོལ་མཐར་ཕྱིནམ་འབད་དེ་ མི་དབང་དབང་མངའ་བདག་རིན་པོ་ཆེའི་ ཐུགས་འཆར་དང་བསྟུན་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ སྲིད་བྱུས་འདི་གིས་ ཤེས་རིག་འདི་སྲིད་ཀྱི་དབང་ལུ་ཐལ་ནི་མེད་པའི་ ཐབས་ཤེས་ཚུ་སྒྲིགས་སྟེ་ བསྟར་སྤྱོད་འབད་དགོ་ཟེར་བའི་ གྲོས་དོན་བསྐྱར་བཟོ་འབད་དེ་ཕུལ་ཡོདཔ་ཨིན།

དེ་ལུ་ ཤེས་རིག་དང་རིག་རྩལ་གོང་འཕེལ་བློན་པོ་གིས་ ཚོགས་དམངས་ལུ་ཞུ་མི་ནང་ལུ་ ཤེས་རིག་གི་སྲིད་བྱུས་ཟིན་བྲིས་འདི་ཡང་ གཏིང་ཟབ་ཆེ་བའི་ཞིབ་འཚོལ་འབད་དེ་ བརྩམས་ཡོདཔ་དང་ སྲིད་བྱུས་འདི་གི་དོན་ལུ་ སློབ་གྲྭའི་སློབ་དཔོན་ཚུ་དང་ གྲོས་བསྟུན་འབད་འོང་ཟེར་ཨིན་པས། དགོས་མཁོ་དང་བསྟུན་ཏེ་ ཤེས་རིག་གི་དཔྱད་ཡིག་འདི་མ་འོངས་པ་ནང་ལུ་ གསུང་གྲོས་གནང་ནི་ལུ་ངོས་ལེན་ཡོདཔ་ཨིན་རུང་ སྐབས་ཐོབས་ཀྱི་དོན་ལུ་ ཟིན་བྲིས་འབད་ཡོད་པའི་ སྲིད་བྱུས་འདི་བསྟར་སྤྱོད་འབད་དོ་ཡོདཔ་དང་ གནད་དོན་ག་ཅི་རང་ཡོད་རུང་ སྲིད་བྱུས་འདི་གིས་སེལ་ཚུགས་ཟེར་བཤད་ཅི།

ཚོགས་ཞུགས་དེ་ཁར་ འཐུས་མི་ ༤༥ ཡོད་ས་ལས་ ག་ར་གིས་རྒྱབ་སྐྱོར་གནང་ཏེ་ གྲོས་དོན་འདི་ཡང་རྒྱན་སྐྱུར་གྱི་ཐོག་ལས་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
67%
Discourage them
17%
Stop them from leaving
15%