dark_mode
Friday, 19 July 2024

Welcome to the National Assembly of Bhutan website.

མི་སེར་གྱི་ས་ཆ་ནང་ལུ་ཚུད་པའི་ གློག་མེའི་ཀཝ་དང་གློག་ཐག་ལས་བརྟེན་པའི་ བྱ་སྟབས་མ་བདེཝ་སེལ་ཐབས་ཀྱི་གྲོས་དོན།

མི་སེར་གྱི་ས་ཆ་ནང་ལུ་ཚུད་པའི་ གློག་མེའི་ཀཝ་དང་གློག་ཐག་ལས་བརྟེན་པའི་ བྱ་སྟབས་མ་བདེཝ་སེལ་ཐབས་ཀྱི་གྲོས་དོན།

ཁ་སྟོད་ལ་ཡག་འདེམས་ཁོངས་འཐུས་མི་གིས་ མི་སེར་གྱི་ས་ཆ་ནང་ལུ་ཚུད་པའི་ གློག་མེའི་ཀཝ་དང་ གློག་ཐག་ལས་བརྟེན་པའི་ བྱ་སྟབས་མ་བདེཝ་སེལ་ཐབས་འདི་ ད་རིས་ ཚོགས་ཁང་ནང་ལུ་ གྲོས་དོན་སྦེ་ཕུལ་ཡོདཔ་ཨིན།

དེ་ཡང་ འཐུས་མི་གིས་ གསལ་ཞུ་ཕུལ་མི་ནང་ལུ་ གློག་མེའི་རྒྱུན་ལམ་གྱི་དོན་ལུ་ གློག་ཐག་སྤྲིང་ནི་དང་ ཀཝ་ཚུ་ ས་ཁར་བརྡབ་འགྱོ་བའི་སྐབས་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཐོག་རྐྱབ་མ་ཚད་ ལོ་ཐོག་ཚུ་ལུ་ཡང་ གནོད་པ་སྦོམ་སྦེ་ར་རྐྱབ་སྟེ་ མི་སེར་ སོ་ནམ་པ་ཚུ་ལུ་ དངུལ་འབྲེལ་གྱི་ གྱོང་རྒུད་ཕོག་དོ་ཡོདཔ་ཨིན་ཟེར་ཞུ་ཡི། དེ་གིས་ཡང་མ་ཚད་པར་ གནད་དོན་དེ་གིས་ མི་སྡེའི་ཨ་ལོ་འཁྱམ་ས་ལུ་ ཉེན་ཚུབས་ཆེ་བའི་གུ་ སོ་ནམ་པ་ཚུ་གི་ སྒོ་ནོར་སེམས་ཅན་ཚུ་ལུ་ཡང་ ཉེན་སྲུང་དང་འབྲེལ་བའི་ གདོང་ལེན་ཚུ་ བྱུང་སྟེ་ཡོད་ཟེར་ཞུ་ཡི།

འཐུས་མི་གིས་ དཀའ་ངལ་འདི་བསལ་ཐབས་ལུ་ གཤམ་གསལ་གྱི་ གྲོས་འདེབས་ཁག་གཉིས་ཕུལ་ཡི། 

༡༽ མི་རློབས་མཱངམ་ཡོད་པའི་ས་ཁོངས་ནང་ གཞི་བཙུགས་འབད་ཡོད་པའི་ གློག་ཤུགས་ཀྱི་ ཀ་ཆེན་ཚུ་ ཉེན་སྲུང་ཅན་གྱི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་དགོཔ།

༢༽ གཞུང་གིས་ ས་ཆ་སྤོ་བཤུད་འབད་མི་དང་ ས་ཚབ་སྤྲོད་ནི་ དེ་ལས་ ས་ཆ་སྤོ་བཤུད་མ་འབད་བའི་ སྒེར་གྱི་ས་ཆ་ཚུ་ བརྗེ་སོར་འབད་ནི་ལུ་ མ་དངུལ་ཚུ་ བགོ་བཀྲམ་འབད་དགོཔ།

དེ་ལས་ ཚོགས་ཁང་གིས་ གྲོས་འདེབས་གཉིསཔོ་འདི་གུ་ ཚོགས་དམངས་ལས་ ཕྱག་ཡར་སེང་གིས་ ངོས་ལེན་གནང་པའི་རྗེས་སུ་ རྒྱན་སྐྱུར་གནངམ་ད་ རྒྱན་སྐྱུར་ཚོགས་གྲལ་ འཐུས་མི་ཡོངས་བསྡོམས་ ༤༢ ཡོད་ས་ལས་ འཐུས་མི་ ༣༣ གྱིས་བཏུབ་དང་ ༣ གྱིས་མ་བཏུབ་ དེ་ལས་ ༦ གིས་འཛེམ་བཞུགས་རུང་ མང་མོས་ཐོག་ལས་ གྲོས་འདེབས་ཚུ་ ཆ་འཇོག་གྲུབ་གནང་ཡི།

དེ་གི་ཤུལ་ལས་ ཚོགས་ཁང་གིས་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་གིས་ ཞུ་དོ་བཟུམ་སྦེ་ ཚོགས་ཐེངས་ཤུལ་མམ་ནང་ དེ་གི་གནས་ཚད་སྙན་ཞུ་ཅིག་ ཕུལ་དགོཔ་མ་ཚད་ ལོ་གཅིག་གི་རྒྱབ་ལས་ གྲོས་འདེབས་བསྟར་སྤྱོད་ཀྱི་ དང་ལེན་སྙན་ཞུ་ཕུལ་དགོཔ་སྦེ་ བཀའ་བསྐུལ་གནང་ཡོད་པའི་གནས་ཚུལ། 


comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
16%
Stop them from leaving
16%