dark_mode
Friday, 19 July 2024

Welcome to the National Assembly of Bhutan website.

དྲི་བཀོད་ཀྱི་ལས་རིམ།

དྲི་བཀོད་ཀྱི་ལས་རིམ།

ད་རིས་དྲི་བཀོད་ཀྱི་ལས་རིམ་ནང་ ལྷན་ཁག་ སྡེ་ཚན་ ཀ པའི་ བློན་པོ་ཚུ་ལུ་ ཡོངས་བསྡོམས་ངག་ཐོག་གི་དྲི་བ་ བཞི་དང་ ཡིག་ཐོག་གི་དྲི་བ་ གཅིག་བཀོད་ནུག།  འདི་ཡང་ དྲི་བ་གཉིས་དེ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ བློན་པོ་ལུ་ ད་ལས་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་བློན་པོ་དང་ ནུལ་ཤུགས་དང་རང་བཞིན་ཐོན་སྐྱེད་བློན་པོ་ལུ་ དྲི་བ་རེ་རེ་བཀོད་ནུག། གཞི་རྟེན་མཁོ་དང་སྐྱལ་འདྲེན་བློན་པོ་ལུ་ ཡིག་ཐོག་གི་དྲི་བ་གཅིག་ཡང་ཕུལ་ནུག།


བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་ལུ་ བལྟ་བཤལ་ལས་ཁུངས་ནང་ལུ་ བལྟ་བཤལ་ལམ་བསྟོན་པ་ དེད་གཡོགཔ་དང་ སྣུམ་འཁོར་མ་ལང་པའི་དཀའ་ངལ་དང་ རྩི་རང་རྫོང་ཁག་ནང་ལུ་ བལྟ་བཤལ་པ་འོང་ཐབས་ལུ་ བལྟ་བཤལ་དང་འབྲེལ་བའི་ ཐོན་ཁུངས་ཚུའི་སྐོལ་ལས་འདྲི་ཡི།

འདི་གི་ལན་ལུ་ བཟོ་གྲྭ་ཚོང་ལས་དང་ལཱ་གཡོག་བློན་པོ་གིས་ བལྟ་བཤལ་འདི་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་གལ་ཆེ་མི་འདི་ ངོས་ལེན་འབད་ཡོདཔ་དང་ ཀོ་བིཌ་ ༡༩ ནད་ཡམས་ལས་བརྟེན་ གདོང་ལེན་ཡོད་མི་ཚུ་ཡང་ སེམས་ཁར་བཀལ་ནི་ཟེར་ཞུ་ཡི།  བློན་པོ་གིས་ གདོང་ལེན་ ཡོད་དེ་འབད་རུང་རང་ འདས་པའི་ཟླཝ ༥ གི་ནང་ བལྟ་་བཤལ་ གྱངས་ཁ་ ༡༦༠༠༠ སྔོན་མ་གི་ལོ་དང་ཕྱདཔ་ད་ སྐད་གྲགས་ཅན་གྱི་ ཡར་སེང་འགྱོ་ཏེ་ ཡར་འཕེལ་སྦོམ་འགྱོ་ཡོད་ཟེར་ཞུ་ཡི། ཤར་ཕྱོགས་ རྫོང་ཁག་ ༥ གི་ནང་ སྐྱེ་ལྡན་གནས་སྟངས་བལྟ་བཤལ་རྩིས་སྟེ་ བལྟ་བཤལ་གོང་འཕེལ་བཏང་ནི་དོན་ལུ་  དངུལ་ཀྲམ་ ཐེར་འབུམ་ ༢ དེ་ཅིག་་ བགོ་བཀྲམ་བཞག་དེ་ཡོད་ཟེར་ཞུ་ཡི། ལྟ་བཤལ་གྱི་ཐོག་ལས་རྒྱལ་ཁབ་ཡོངས་ལུ་ཕན་ཐོགས་འབྱུང་ནི་གི་དམིགས་གཏད་དང་ བལྟ་བཤལ་པ་ཚུ་ལུ་སྒོ་བཀོད་ཕྱེ་སྟེ་ གཡོག་གི་གོ་སྐབས་ཡར་རྒྱས་གཏང་ནི་ལུ་ གཞུང་གིས་ གོང་འཕེལ་ལས་སྣ་ ༡༠ འགོ་བཙུགས་ནི་གི་འཆར་གཞི་ཡང་ཡོད་ཟེར་ཞུ་ཡི།

ཧཱ་དང་བསམ་རྩེ་གི་གཞུང་ལམ་གཉིས་པ་ རྒྱ་སྐྱེད་དང་ལམ་གཉིས་སྦྱེལམ་སྦེ་བཟོ་ནི་འདི་ ནམ་མཇུག་བསྡུ་ནི་ཨིན་ན་གི་དྲི་བའི་ལན་ལུ་ བློན་པོ་གིས་ གཞུང་ལམ་འདི་གིས་ མི་སྡེ་དང་ རྫོང་ཁག་ཚུའི་ནང་ལུ་ ཚོང་འབྲེལ་འཐབ་ནི་ནང་ལུ་འི་ཁེ་ཕན་ཡོདཔ་སྦེ་ཞུཝ་དང་འབྲེལ་ ལས་འགུལ་འདི་ཡང་ སྤྱི་ལོ་ ༢༠༢༦ དང་ སྤྱི་ལོ་ ༢༠༢༧ གྱི་ནང་འཁོད་གྲུབ་ཚུགས་ཟེར་ཞུ་ཡི། དེ་དང་གཅིག་ཁར་ འཁོར་ལམ་གྱི་དབང་ཆ་དང་བསྟུན་ བློན་པོ་གིས་ལོ་ཐོག་དང་དེང་སང་གི་སོ་ནམ་གྱི་ ལཱ་ལུ་གནོད་པ་ཡོདཔ་ལས་ སའི་ཇོ་བདག་དང་རྒུད་འཐུས་ཀྱི་སྐོར་ལས་ གཞུང་གིས་སེལ་ཐབས་མཛད་འོང་ཟེར་ཞུ་ཡོད་པའི་གནས་ཚུལ།


comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
16%
Stop them from leaving
16%