dark_mode
Friday, 19 July 2024

Welcome to the National Assembly of Bhutan website.

དྲི་བཀོད་ཀྱི་ལས་རིམ་།

དྲི་བཀོད་ཀྱི་ལས་རིམ་།

ད་རིས་དྲི་བཀོད་ཀྱི་ལས་རིམ་ནང་ལུ་ འབྲེལ་ཡོད་སྡེ་ཚན་ག་པའི་ནང་ ངག་ཐོག་གི་ དྲི་བ་ཡོངས་བསྡོམས་ ༨ བཀོད་ཡོདཔ་ཨིན། དེ་ཡང་ བློན་ཆེན་ལུ་ དྲི་བ་གསུམ་དང་ ནང་སྲིད་བློན་པོ་དང་  དངུལ་རྩིས་བློན་པོ་ལུ་དྲི་བ་གཉིས་གཉིས་རེ་བཀོད་ཡོདཔ་ཨིན། དེ་ལས་ ཕྱི་འབྲེལ་དང་ཕྱིར་ཚོང་བློན་པོ་ལུ་ དྲི་བ་གཅིག་འདྲི་ཡི། 

མི་རྗེ་བློན་ཆེན་ལུ་ ཇོ་མོ་གཙང་མཁར་དང་ངང་ལམ་ པཱན་སྦང་དང་བསམ་རྩེ་ དེ་ལས་ས་མཚམས་གཞན་ཁ་ལས་ཕར་གྱི་ ཕྱི་མི་ནང་སྐྱོད་འཛུལ་སྒོ་ཚུ་གི་ གནས་ཚད་དང་ དཔལ་འབྱོར་ཡར་དྲག་དང་ལུང་ཕྱོགས་འདྲ་མཉམ་གྱི་ བལྟ་བཤལ་གྱི་ཐབས་བྱུས་ དེ་ལས་ ཞི་གཡོག་ནང་ མི་སྟོབས་མ་ལང་པའི་དཀའ་ངལ་དང་ དངུལ་ཕོགས་དང་ཐོབ་ལམ་བསྐྱར་ཞིབ་ཀྱི་ཐོག་ལས་ ཉམས་མྱོང་ཡོད་པའི་མི་སྟོབས་ཚུ་ དགོངས་ཞུ་འབད་ནི་ལས་ བཀག་ནིའི་ཐབས་ལམ་ དེ་ལས་ ན་གཞོན་ཚུ་ ཕྱི་རྒྱལ་ལུ་ ལཱ་འབད་དེ་ཤེས་ཡོན་སྦྱང་པར་གཏང་ནི་ཟེར་བའི་ ཚོགས་པའི་ཁས་བླངས་གསལ་སྒྲགས་ཚུ་གུ་འདྲི་ཡི།


དྲི་བ་ཚུའི་ལན་ལུ་ མི་རྗེ་བློན་ཆེན་གྱིས་ཞུ་མི་ནང་ རྒྱལ་ཡོངས་བལྟ་བཤལ་ཞབས་ཏོག་ཡར་དྲག་གཏང་ཐོག་ གཞུང་གིས་ བལྟ་བཤལཔ་འབུམ་གསུམ་རེ་ ལོ་ལྟར་བཞིན་དུ་ རྒྱལ་ཁབ་ནང་ལུ་འོང་ཚུགསཔ་བཟོ་ནིའི་འཆར་གཞི་ཡོདཔ་དང་ ས་ཁོངས་དག་པ་ཅིག་ནང་ལུ་ ཕྱི་མི་ནང་སྐྱོད་ཀྱི་འཛུལ་སྒོ་ཚུ་ལག་ལེན་འཐབ་ཡོད་རུང་ ཇོ་མོ་གཙང་མཁར་དང་ པཱན་སྦང་གི་ཐད་ཁར་ རྒྱ་གར་གཞུང་དང་གཅིག་ཁར་ གསུང་གྲོས་གནང་པའི་བསྒང་ཡོད་ཟེར་ཞུ་ཡི།

རྒྱལ་ཁབ་ནང་ལུ་ ཞི་གཡོག་དགོངས་ཞུའི་ཚད་གཞི་འདི་ བརྒྱ་དཔྱ་ལས་ ༡༣ ཡོདཔ་ལས་ གཞུང་གིས་ རྒྱལ་ཡོངས་ཀྱི་ནང་འཁོད་ཡོངས་འབོར་ ཡར་དྲག་ལུ་གཙོ་རིམ་བསྒྲིགསཔ་དང་གཅིག་ཁར་ ཞི་གཡོགཔ་ཚུ་བདེ་ཐབས་སྒྲིགས་ནི་ དེ་ལས་དགོས་མཁོ་དང་བསྟུན་ཏེ་ མཁས་མཆོག་ཚུ་བཙུགས་ནི་ཨིནམ་སྦེ་ཞུ་ཡི། མི་སེར་ཉམ་ཆུང་གི་ན་གཞོན་ ཕྱི་རྒྱལ་ལས་ཕར་  ཤེས་ཡོན་སྦྱང་ནི་དང་འབྲེལ་ འོང་འབབ་བཟོ་བར་གཏང་ནིའི་རྒྱབ་སྐྱོར་གྱི་དོན་ལུ་ དངུལ་ཀྲམ་ ཐེར་འབུམ་གཅིག་བགོ་བཀྲམ་འབད་ཡོདཔ་དང་ ཨིན་རུང་ དངུལ་གྱི་རྒྱབ་སྐྱོར་ཐོབ་ནིའི་དོན་ལུ་ གདམ་ངོ་ཚུ་གི་དོན་ལུ་ ཚད་གཞི་དག་པ་ཅིག་བཀོད་དེ་ཡོད་མི་དང་འཁྲིལ་དགོ་ནི་ཨིན་མས།

དངུལ་རྩིས་བློན་པོ་ལུ་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྐྱེད་ཚད་མཐོ་དྲགས་ཡོད་མི་འདི་ སེལ་ཐབས་ལུ་ ཐབས་ཤེས་ག་ཅི་ར་ཡོད་ག་དང་ སྐྱེད་མེད་པའི་སྐྱིན་འགྲུལ་དང་ སྐྱེད་ཕབ་ཆག་ཡོད་པའི་སྐྱིན་འགྲུལ་གྱི་ གནད་དོན་གུ་དྲི་བ་འདྲི་ཡི། ད་རུང་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་ དངུལ་ཀྲམ་ ༣༠༠༠༠་དེ་ ༡༥༠༠༠༠ གུ་ ཡར་སེང་འབད་ནི་གི་དྲི་བ་བཀོད་ཅི།

བློན་པོ་གིས་ཡང་ སྐྱིན་འགྲུལ་གྱི་སྐྱེད་ཡར་སེང་གི་གནད་དོན་གུ་ ངོས་ལེན་ཡོདཔ་དང་འབྲེལ་ གཞུང་གིས་ སྒེར་སྡེ་གོང་འཕེལ་དང་ སྤྱིར་བཏང་མི་སེར་ཡར་རྒྱས་ཀྱི་དོན་ལུ་ དངུལ་འབྲེལ་གཙུག་སྡེ་ཚུ་དང་གསུང་གྲོས་གནང་པའི་བསྒང་ར་ ཡོད་ཟེར་ཞུ་ཡི། 

བློན་པོ་གིས་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་དགོས་མཁོ་གི་ ཞིབ་རྟོག་འབད་དོ་ཟེར་ཞུ་ཡོད་པའི་གནས་ཚུལ།


comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
68%
Discourage them
16%
Stop them from leaving
16%