dark_mode
Friday, 14 March 2025
སྤྱི་ཚེས་ ༢༨/༡༡/༢༠༢༤ ལུ་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མ་ ཕར་འགྱང་འབད་ཡོདཔ།

སྤྱི་ཚེས་ ༢༨/༡༡/༢༠༢༤ ལུ་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མ་ ཕར་འགྱང་འབད་ཡོདཔ།

ད་རིས་ སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ ༼འཕྲི་སྣོན་༽ དཔྱད་ཡིག་ ༢༠༢༤ ཅན་མའི་ གསུང་གྲོས་འཕྲོ་མཐུད་དེ་གནང་པའི་སྐབས་ ཁྲིམས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཉི་ཤོག་སྲས་ཕུག་འདེམས་ཁོངས་འཐུས་མི་གིས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་དང་ ཁེ་གྱོང་ཅན་གྱི་ལས་སྡེ་ དེ་ལས་ མི་མང་གིས་ བསམ་ལན་བཀོད་མི་ཚུ་ལུ་ གཞིར་བཞག་སྟེ་ སྤྱིར་བཏང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་དང་ཐོབ་ཐང་གི་གཞི་བཀོད་ཚུ་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་དགོཔ་ཐོནམ་ལས་བརྟེན་ཏེ་ དཔྱད་ཡིག་འདི་གུ་ གསུང་གྲོས་གནང་ནི་དེ་ ཕར་འགྱང་འབད་དགོ་པའི་ཞུ་བ་ཕུལ་ཡི།

 

དེ་ཡང་ གནད་དོན་གཙོ་བོ་ར་ འབྲུག་གི་སྤྱི་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་བཅའ་ཁྲིམས་ ༢༠༠༨ ཅན་མ་ དང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མ་ དེ་ལས་ འབྲུག་གི་དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་ ༢༠༢༣ ཅན་མ་ཚུ་གི་བར་ན་ དོན་ཚན་གཅིག་མཚུངས་དང་ མཐུན་སྒྲིག་མེད་མི་ཚུ་ བསྐྱར་ཞིབ་མཐིལ་ཕྱིན་སྦེ་འབད་དེ་ སྤྱིར་བཏང་ ཐོབ་ཐང་གི་རིགས་ཆ་མཉམ་ར་ གཅིག་མཚུངས་སྦེ་ བཟོ་ནི་ལུ་དམིགས་གཏད་ བསྐྱེད་དེ་ཨིན་མས།

 

ད་རུང་ གཞུང་གིས་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༦༡ པ་དང་ ༦༢ པ་ཚུ་ བསྟར་སྤྱོད་འབད་དེ་ ཐོབ་ཐང་དང་འབྲེལ་བའི་བཅའ་ཁྲིམས་ཚུ་ག་ར་ བཅའ་ཁྲིམས་གཅིག་ནང་ མཉམ་སྡེབ་འབད་ཞིནམ་ལས་ བཅའ་ཁྲིམས་ཚུ་ གཅིག་མཚུངས་བཟོ་ནི་ལུ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འཆར་བཀོད་ཅི།

 

དཔྱད་ཡིག་དེ་ ཕར་འགྱང་འབད་དགོ་པའི་ གྲོས་འདེབས་ལུ་ ཁྲིམས་བཟོ་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ ཁྲིམས་ཤིང་རྐང་པར་འདེམས་ཁོངས་འཐུས་མི་དང་ གླིང་མུ་སྟོད་ཝང་འདེམས་ཁོངས་འཐུས་མི་གཉིས་ཀྱིས་ རྒྱབ་སྣོན་ཕུལ་བའི་ཤུལ་ལུ་ ཚོགས་ཁང་གིས་ ཚོགས་དམངས་ལས་ དཔྱད་ཡིག་ཕར་འགྱང་ལུ་ ངོས་ལེན་ཡོད་མེད་ ཕྱག་ཡར་སེང་གི་ཐོག་ལས་གཟིགསཔ་ད་ ཚོགས་དམངས་ཀྱིས་ ངོས་ལེན་ཧྲིལ་བུམ་ཕུལ་ཏེ་ ཆ་འཇོག་གྲུབ་ཅི།


ད་རུང་ ཚོགས་ཁང་གིས་ གཞུང་ལུ་ དངུལ་ཕོགས་སྒྲིག་བཀོད་གཞི་བསྒྱུར་བཅའ་ཁྲིམས་ ༢༠༢༢ ཅན་མའི་ དོན་ཚན་ ༦༡ པ་དང་ ༦༢ པ་ཚུ་ བསྟར་སྤྱོད་འབད་དེ་ དེ་ལུགས་ཀྱི་སྙན་ཞུ་ཅིག་ ཤུལ་མ་ གནམ་བྱཱར་གྱི་ཚོགས་ཐེངས་ནང་ ཕུལ་དགོཔ་སྦེ་བཀའ་རྒྱ་གནང་ཡོདཔ་ཨིན། དཔྱད་ཡིག་དེ་ ཕར་འགྱང་འབད་མི་དེ་ཡང་ གྲོས་བསྟུན་ཚུ་ མཐིལ་ཕྱིནམ་སྦེ་འབད་ནི་དང་ རིམ་མཐུན་གྱི་ ཁྲིམས་བཟོའི་གཞི་བཀོད་ཅིག་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
66%
Discourage them
18%
Stop them from leaving
16%