dark_mode
Friday, 14 March 2025
རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་ ཆ་འཇོག་གནང་ཡོདཔ།

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་ ཆ་འཇོག་གནང་ཡོདཔ།

འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མ་ ཆ་འཇོག་མ་གནང་པའི་ཧེ་མ་ ཚོགས་ཁང་གི་བཀའི་གནང་བ་དང་འཁྲིལ་ དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་ འཐུས་མི་ཅིག་གིས་ དཔྱད་ཡིག་ནང་ བསྐྱར་བཟོ་འབད་མི་ཚུ་ གསལ་ཞུ་འབད་ཡི། ཚོགས་དམངས་ཀྱིས་ ཕྱག་ཡར་སེང་ཐོག་ལས་ གྲོས་འཆར་བཀོད་མི་དང་འཁྲིལ་ བསྒྱུར་བཅོས་ཚུ་ ཆ་འཇོག་འབད་ཡི།


དེ་ལས་ དཔྱད་ཡིག་གི་འགོ་འཛིན་པ་ དངུལ་རྩིས་བློན་པོ་གིས་ དཔྱད་ཡིག་དེ་ ཆ་འཇོག་གནང་དགོ་པའི་ གྲོས་དོན་ཕུལཝ་བཞིན་དུ་ ཚོགས་ཁང་གིས་ རྒྱན་སྐྱུར་ཐོག་ལས་ཆ་འཇོག་གནངམ་ད་ རྒྱན་སྐྱུར་ཚོགས་གྲལ་འཐུས་མི་ ༤༡ ཡོད་པའི་ནང་ལས་ འཐུས་མི་ ༣༨ ཀྱིས་ རྒྱབ་སྐྱོར་ཕུལ་ཡོདཔ་དང་ འཐུས་མི་ ༣ གྱིས་འཛེམས་བཞུགས་པའི་མཐར་ མང་མོས་ཐོག་ལས་  དཔྱད་ཡིག་འདི་ ཆ་འཇོག་གྲུབ་གནང་ཡོདཔ་ཨིན་མས། 

དཔྱད་ཡིག་འདི་གིས་ བ་མེན་དང་ ནོར་ གཡག་ མ་ཧེ་ རྟ་ བོང་ཀུ་ ར་ དེ་ལས་ ལུག་ཚུ་རྩིས་ཏེ་ སྒོ་ནོར་སེམས་ཅན་མ་འདྲཝ་ཚུ་ལུ་ བཀལ་མི་ ནོར་ཁྲལ་འདི་ དགོངས་ཡངས་གཏང་ནི་ཨིན་མས། དགོངས་ཡངས་དཔྱད་ཡིག་དེ་ཡང་ རྒྱུ་དངོས་ཁྲལ་གྱི་དཔྱད་ཡིག་ ༢༠༢༢ ཅན་མ་ ཟིན་བྲིས་འཐབ་པའི་སྐབས་ སྒོ་ནོར་ཚུ་ སྒུལ་ཅན་་རྒྱུ་དངོས་ཀྱི་ཁོངས་སུ་མ་གཏོགསཔ་སྦེ་བཟོ་ཡོདཔ་ལས་བརྟེན་ཏེ་ཨིན་པས། དགོངས་ཡངས་གནང་མི་དེ་ཡང་ སོ་ནམ་པ་ཚུ་ལུ་ དངུལ་འབྲེལ་གྱི་ དཀའ་ངལ་མར་ཕབ་འབད་ནི་ སྒོ་ནོར་གསོ་སྐྱོང་ནང་ མ་རྩ་བཙུགས་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་དང་ དེ་ལས་ གྲོང་གསེབ་མི་སྡེ་ཚུ་ལུ་ དཔལ་འབྱོར་དང་ མི་སྡེའི་ཁེ་ཕན་ རྒྱ་ཆེ་དྲགས་སྦེ་ བྱིན་ཐབས་ལུ་ཨིན་པས། ནོར་ཁྲལ་ལས་ འོང་འབབ་ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཁྲལ་དགོངས་ཡངས་གནང་མི་འདི་གིས་ ས་གནས་གཞུང་ལུ་ དངུལ་ཁུངས་ཀྱི་ཕན་གནོད་སྦོམ་ཅིག་མི་འབྱུང་ནི་ཨིནམ་ལས་ དགོངས་ཡངས་འདི་གིས་ སོ་ནམ་ལས་སྡེ་ཚུ་ ཡུན་བརྟན་གྱི་སྒོ་ལས་ ཡར་དྲག་གཏང་ནི་ལུ་ཁེ་ཕན་འབྱུང་ནི་ཨིན་མས། ཐབས་ལམ་འདི་གིས་ རྒྱུ་དངོས་ཁྲལ་གྱི་བཅའ་ཁྲིམས་གསརཔ་གི་འོག་ལུ་ ས་གནས་གཞུང་ཚུ་ལས་ ཁྲལ་བསྡུ་ལེན་གྱི་ ཚ་གྱས་ཡོད་མི་ཚུ་ཡང་ བསལ་ཚུགས་ནི་ཨིན་མས། 


comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
66%
Discourage them
18%
Stop them from leaving
16%