བདེ་ཆེན་རྩེ་མོ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ཚུ་གིས་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཞུགས་ ༧ པའི་ནང་ བལྟ་རྟོག་འབད་བར་འོང་ཡོདཔ།
སྤུ་ན་ཁ་རྫོང་ཁག་ སྟོད་པའི་རྒེད་འོག་ འཕྲིན་ལས་སྒང་ལུ་ཡོད་པའི་ བདེ་ཆེན་རྩེ་མོ་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་ ༡༡ དང་ སློབ་དཔོན་ ༡༩ གིས་ ད་རིས་ སྤྱི་ཚོགས་ཀྱི་ ཚོགས་ཞུགས་ནང་ བལྟ་རྟོག་པ་སྦེ་ བཅར་བར་འོང་ཡི། དེ་ཡང་ ན་གཞོན་ཚུ་དང་སློབ་དཔོན་ཚུ་གི་ གོམས་འདྲིས་ཀྱི་ཤེས་ཡོན་རྒྱ་སྐྱེད་འབད་ནིའི་ བལྟ་སྐོར་ལས་རིམ་གྱི་ ཆ་ཤས་ཅིག་ཨིན་པས། སློབ་གྲྭའི་དམངས་གཙོའི་ཚོགས་ཆུང་འདི་ དམངས་གཙོའི་ལས་རིམ་དང་ སློབ་ཕྲུག་འགོ་ཁྲིདཔ་གི་ བཙག་འཐུ་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་མི་ ཚོགས་ཆུང་ཚུ་གི་གྲས་ལས་ གཅིག་ཨིན་མས། སློབ་གྲྭ་གིས་ སྤྱི་ཚོགས་ཀྱི་ཚོགས་ཞུགས་ཚུ་ནང་ བཅའ་མར་གཏོགས་ཏེ་ སྔར་སྲོལ་གྱི་ལམ་ལུགས་དང་ཚོགས་འདུའི་བྱ་རིམ་ཚུ་ ཤེས་ནི་དང་ཧ་གོ་ནི་ དེ་ལས་ ཉམས་མྱོང་འཐོབ་ནིའི་རེ་བ་བསྐྱེད་དེ་འདུག།
བལྟ་སྐོར་སྐབས་ ཚོགས་དཔོན་དང་ བཟོ་གྲྭ་ཚོང་འབྲེལ་དང་ལཱ་གཡོག་བློན་པོ་གིས་ སློབ་དཔོན་དང་སློབ་ཕྲུག་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་སྟེ་ འབྲེལ་བ་འཐབ་ཡོདཔ་ཨིན། དེ་བཟུམ་གྱི་ བལྟ་སྐོར་ལས་རིམ་ཚུ་གིས་ ན་གཞོན་ཚུ་ལུ་ སྤྱི་ཚོགས་ཀྱི་སྐོར་ལས་ ཡོན་ཏན་བྱིན་ནི་དང་ སྤྱི་ཚོགས་ཀྱི་བྱ་རིམ་ཚུ་ ག་དེ་སྦེ་ ཚོགསཔ་ཨིན་ནའི་ ཉམས་མྱོང་དང་ ཤེས་རྟོགས་ཚུ་ བརྒྱུད་ལུ་ཐོབ་ཚུགས་པའི་ གོ་སྐབས་བྱིན་ནི་དང་ དམངས་གཙོའི་གཞུང་སྐྱོང་སྐོར་ལས་ གཏིང་ཟབ་སྦེ་ ཧ་གོ་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
comment
vote / poll
How should the government react to Bhutanese leaving to Australa ?