dark_mode
Sunday, 27 July 2025

Welcome to the National Assembly of Bhutan's website...

ད་རིས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ བིམསི་ཊེག (BIMSTEC) ཉེས་འགེལ་གྱི་གནད་དོན་ནང་ལུ་ ཕན་ཚུན་ཁྲིམས་ཀྱི་གྲོགས་རམ་ མཐུན་གྲོས་ཀྱི་ ལྷན་ཐེངས་གསུམ་པ།

ད་རིས་ སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༦ པའི་ཚེས་ ༥ ལུ་ བིམསི་ཊེག (BIMSTEC) ཉེས་འགེལ་གྱི་གནད་དོན་ནང་ལུ་ ཕན་ཚུན་ཁྲིམས་ཀྱི་གྲོགས་རམ་ མཐུན་གྲོས་ཀྱི་ ལྷན་ཐེངས་གསུམ་པ།

ད་རིས་ ཚོགས་ཁང་གིས་ བིམསི་ཊེག (BIMSTEC) ཉེས་འགེལ་གྱི་གནད་དོན་ནང་ལུ་ ཕན་ཚུན་ཁྲིམས་ཀྱི་གྲོགས་རམ་ མཐུན་གྲོས་ཀྱི་ ལྷག་ཐེངས་གསུམ་པའི་ གསུང་གྲོས་གནང་ཡོདཔ་དང་ འགྲོ་བ་མིའི་དབང་ཆ་དང་ཕྱི་འབྲེལ་ལས་སྡེ་ཚོགས་ཆུང་གི་ཁྲི་འཛིན་ ཁྲིམས་ཤིང་རྐང་པར་འདེམས་ཁོངས་འཐུས་མི་གིས་ མཐུན་གྲོས་བསྐྱར་ཞིབ་འབད་བའི་སྐབས་ལུ་ ཚོགས་ཆུང་གིས་ འབྲེལ་བའི་ལས་སྡེ་ཚུ་དང་ གྲོས་བསྟུན་ རྒྱས་ཤིང་རྒྱསཔ་སྦེ་ གནང་ཡོད་པའི་ བསྐྱར་ཞིབ་སྙན་ཞུ་འདི་ གསལ་ཞུ་ཕུལ་ཡི།

ཚོགས་ཆུང་གིས་ཞུ་མི་ནང་ མཐུན་གྲོས་འདི་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་སྦོམ་འབད་ར་འབྱུང་ནི་ཨིནམ་དང་ དེ་ཡང་ བིམསི་ཊེག་ (BIMSTEC) འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ ཉེས་འགེལ་གྱི་གནད་དོན་ཚུ་ནང་ ཁྲིམས་དོན་མཉམ་འབྲེལ་གྱི་ གཞི་བཀོད་ཡོངས་རྫོགས་ཅིག་ བཟོ་ཚུགསཔ་ལས་བརྟེན་ཏེ་ ཨིནམ་སྦེ་ཞུ་ཡི།

མཐུན་གྲོས འདི་གིས་  འབྲུག་གི་ས་མཚམས་བདའ་སྟེ་ བྱ་ངན་འབད་མི་ཚུ་ ཞིབ་དཔྱད་དང་ རྩོད་བཤེར་འབད་ནི་གི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་ སྒྲུབ་བྱེད་དང་བརྡ་དོན་ཚུ་ བརྗེ་སོར་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ འཚོལ་ཞིབ་དང་ བཙན་ལེན་འབད་ནི་ དེ་ལས་ རྒྱུ་དངོས་ཚུ་ ལོག་ཐོབ་ནི་གི་ལཱ་ཚུ་ནང་ རྒྱབ་སྐྱོར་འབད་དེ་ རྒྱལ་ཡོངས་ཉེས་རྩོད་དྲང་ཁྲིམས་ལམ་ལུགས་ཀྱི་ ཕན་ནུས་ཚུ་ ཡར་དྲག་གཏང་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།

དེ་ལས་ ཚོགས་ཁང་གིས་ མཐུན་གྲོས་ཀྱི་རྩ་ཚན་ ༢༥ ཡོད་མི་ཚུ་གུར་ གསུང་གྲོས་གནང་པའི་སྐབས་ རྫོང་ཁའི་སྐད་སྒྱུར་དང་ ཡིག་སྡེབ་ཀྱི་དག་བཅོས་དུམ་གྲ་རེ་མཛདཔ་མ་གཏོགས་ རྩ་ཚན་ཡོངས་རྫོགས་ལུ་ ངོས་ལེན་མཛད་གནང་ཡི།

ད་རུང་ ཚོགས་ཁང་གིས་ ནང་སྲིད་ལྷན་ཁག་ལུ་ འཐུས་མི་ཚུ་གིས་ གྲོས་འདེབས་ཕུལ་མི་དང་འཁྲིལ་ མཐུན་གྲོས་འདི་གི་ རྫོང་ཁའི་སྐད་སྒྱུར་དང་ ཡིག་སྡེབ་ཚུ་ བསྐྱར་ཞིབ་འབད་ཞིནམ་ལས་ དག་བཅོས་འབད་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ མ་ཕུལ་བའི་ཧེ་མར་ བདུན་ཕྲག་གཅིག་གི་ནང་འཁོད་ ལོག་རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ལུ་ གནང་དགོ་པའི་ བཀའ་བསྐུལ་གནང་ཡི།

མཐུན་གྲོས་འདི་ ཚོགས་ཁང་གིས་ བྱ་སྒོའི་རིམ་པ་དང་འཁྲིལ་ ནངས་པར་ རྒྱན་སྐྱུར་ཐོག་ལས་ རྒྱབ་སྣོན་ཆ་འཇོག་གནང་ནི་ཨིན་པའི་གནས་ཚུལ།

 

comment