Dark Mode
Tuesday, 19 August 2025

Welcome to the National Assembly of Bhutan's website...

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་བཅའ་ཁྲིམས་དགོ་པའི་གྲོས་དོན།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་བཅའ་ཁྲིམས་དགོ་པའི་གྲོས་དོན།

གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ཁྲི་འཛིན་འོག་མ་ ཁམས་དྭངས་རམ་འཇར་འདེམས་ཁོངས་ཀྱི་ འཐུས་མི་གིས་ རྒྱལ་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་བཅའ་ཁྲིམས་དགོ་པའི་ གྲོས་དོན་ཕུལ་མི་དེ་ཡང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་ལུ་ གདོང་ལེན་ཚབས་ཆེན་ཡོད་མི་ཚུ་ བསལ་ཐབས་ལུ་ཨིན་པས། 


ཚོགས་ཆུང་གིས་ གཞུང་གི་ལས་བྱེདཔ་ཚུ་གི་ མི་སྡེ་ཉེན་སྲུང་དོན་ལུ་ སྤྱི་ལོ་ ༢༠༠༠ ལུ་ གཞི་བཙུགས་འབད་ཡོད་རུང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ གཞུང་འབྲེལ་གྱི་ སྲིད་བྱུས་དང་ རང་སྐྱོང་མེད་པར་ ལཱ་འབད་དོ་ཡོདཔ་ལས་ གཞུང་སྐྱོང་དང་ བདག་སྐྱོང་གི་ གནད་དོན་ཚུ་ ཐོན་དོ་ཡོདཔ་སྦེ་ ཞུ་བ་ཕུལ་ཡི། ཚ་གྱས་གཙོ་བོ་ར་ དགོངས་ཞུ་འབད་མིའི་ ཞི་གཡོགཔ་ཚུ་གི་ གྱངས་ཁ་མཐོ་དྲགས་དང་ འཐུས་མིའི་ཁྱབ་ཚད་ དེ་ལས་ བརྟེན་སྡོད་མི་གི་ཆ་ཚད་ མར་ཕབ་འགྱོ་མི་ དེ་ལས་ མ་རྩ་བཙུགས་ནི་གི་ གོ་སྐབས་མེད་མི་དང་ གཙུག་སྡེ་གི་རང་སྐྱོང་མེད་མི་ཚུ་ཨིན་མས། དེ་བཟུམ་གྱི་གདོང་ལེན་ཚུ་གིས་ དགོངས་ཞུ་འབད་མི་ཚུ་གི་ནང་འཁོད་ལུ་ དངུལ་འབྲེལ་གྱི་ཉེན་སྲུང་མེད་མི་དང་ ཉམས་མྱོང་ཅན་དང་ ཁྱད་རིག་ཅན་གྱི་ ལས་བྱེདཔ་ཐོན་འགྱོ་མི་ ཡར་སེང་འགྱོ་དོ་ཡོདཔ་ལས་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་དང་པ་ལས་ ཞི་གཡོགཔ་ ༤,༧༡༠ གྱིས་ དགོངས་ཞུ་འབད་ཡོདཔ་ཨིན་པས། ཚོགས་ཆུང་གིས་ སྲིད་བྱུས་ནང་ གང་མགྱོགས་ བར་འཛུལ་འབད་དགོ་མི་དེ་ཡང་ གཙོ་བོ་ སྤྱི་ལོ་ ༢༠༢༧ ལུ་ མི་རློབས་རྒན་ཤོས་ ༼༦༥+༽ འདི་ བརྒྱ་ཆ་ ༧.༤ ལུ་ལྷོད་ནི་ཨིནམ་ལས་བརྟེན་ཏེ་ཨིནམ་མ་ཚད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ ལཱ་འགན་སྒྲིང་སྒྲི་བཟོ་ནི་དང་ རྒས་ཕོགས་ཚུ་ ཚུལ་དང་མཐུན་ཏོག་ཏོ་བཟོ་ནི་ དེ་ལས་ དགོངས་ཞུ་འབད་མི་ཚུ་གི་དོན་ལུ་ ཡུན་བརྟན་གྱི་ མི་སྡེ་ཉེན་སྲུང་ངེས་གཏན་བཟོ་ནི་ལུ་ཨིན་པས།


དགོཔ་སྦེ་ ངོས་ལེན་ཕུལ་ཡི། དངུལ་རྩིས་བློན་པོ་གིས་ གཞུང་གིས་ དཔྱད་ཡིག་ཟིན་བྲིས་གུ་ ལཱ་འབད་བའི་བསྒང་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་ཐོག་ལས་ འགོ་འདྲེན་འཐབ་ནི་ལུ་ དུས་ཚོད་མངམ་དགོཔ་འདུག་ཟེར་ཞུ་ཡི།


ཚོགས་ཁང་གིས་ གྲོས་དོན་འདི་ བསྐྱར་ཞིབ་འབད་དེ་ ཆ་འཇོག་གྲུབ་ཡོདཔ་ཨིནམ་ད་ དངུལ་རྩིས་ལྷན་ཁག་གིས་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་གྱི་ དཔྱད་ཡིག་ སྤྱི་ཚོགས་ནང་ ཕུལ་དགོ་པའི་ གྲོས་འཆར་དེ་ ཚོགས་ཁང་གིས་ ཆ་འཇོག་འབད་ཡོདཔ་ད་ དེ་བསྒང་ རྒྱན་བསྐྱུར་ནང་ འཐུས་མི་བསྡོམས་ ༤༤ ལས་ འཐུས་མི་ ༣༩ གིས་བཏུབ་དང་ འཐུས་མི་ ༢ ཀྱིས་འཛེམས་ དེ་ལས་ འཐུས་མི་ ༣ གྱིས་ མ་བཏུབ་པའི་ རྒྱན་བསྐྱུར་གནང་པའི་ཤུལ་ ཚོགས་ཁང་གིས་ གཞུང་ལུ་ དཔྱད་ཡིག་ཟིན་བྲིས་དེ་ བསྐྱར་ཞིབ་འབད་ཞིནམ་ལས་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ གནམ་དགུན་གྱི་ ཚོགས་ཐེངས་ནང་ ཕུལ་དགོ་པའི་ བཀའ་རྒྱ་གནང་ཡི།


Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
17%
Stop them from leaving
15%