Dark Mode
Monday, 08 September 2025
འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པ།

འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པ།

དཔལ་འབྱོར་དང་དངུལ་རྩིས་ཚོགས་ཆུང་གི་འཐུས་མི་ ར་དྷི་སག་སྟེང་འདེམས་ཁོངས་འཐུས་མི་གིས་ འབྲུག་གི་ནོར་ཁྲལ་དགོངས་ཡངས་དཔྱད་ཡིག་ ༢༠༢༤ ཅན་མའི་ ལྷག་ཐེངས་ ༣ པའི་དོན་ལུ་ ཚོགས་ཆུང་གི་ གྲོས་འདེབས་ཚུ་ ཚོགས་ཁང་ནང་ཕུལ་ཡི།

ཚོགས་ཆུང་གིས་ ཁ་སྐོང་དོན་ཚན་གཉིས་ བཀྲམ་སྤེལ་འབད་ཡོདཔ་ད་ དེ་ཚུ་ཡང་ བཅའ་ཁྲིམས་འདི་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ དངུལ་རྩིས་བློན་པོ་གིས་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ནང་ བཅའ་ཁྲིམས་ངོ་སྤྲོད་འབད་བའི་ཉིནམ་ལས་ བསྟར་སྤྱོད་འབད་དགོཔ་ཨིནམ་དང་ བཅའ་ཁྲིམས་འདི་གིས་ འབྲུག་གི་ས་གནས་གཞུང་གི་བཅའ་ཁྲིམས་ ༢༠༠༩ ཅན་མའི་ དོན་ཚན་ ༥༧ པའི་ ནང་གསེས་དོན་ཚན་ ༼ག༽ པ་འདི་ཆ་མེད་བཏང་ཡོདཔ་ཨིན།

ཚོགས་ཁང་ནང་ དངུལ་རྩིས་ལྷན་ཁག་གིས་ གྲོས་འཆར་བཀོད་མི་ དཔྱད་ཡིག་གི་དོན་ཚན་རེ་རེ་བཞིན་དུ་སྦེ་ གསུང་གྲོས་གནང་པའི་ཁར་ ཚོགས་ཆུང་གིས་ གྲོས་འདེབས་ ཁ་སྐོང་གསརཔ་ཕུལ་མི་ཚུ་གུ་ གསུང་གྲོས་གནང་ཞིནམ་ལས་ དཔྱད་ཡིག་འདི་གི་ ལྷག་ཐེངས་གསུམ་པ་དེ་མཇུག་བསྡུ་ཡོདཔ་ཨིན། ཚོགས་ཁང་གིས་ གྲོས་བསྡུར་དང་འཁྲིལ་ ཚོགས་ཆུང་གིས་ ཁ་སྐོང་བཀོད་མི་དང་ བསྒྱུར་བཅོས་འབད་མིའི་དོན་ཚན་ཚུ་ མཉམ་སྡེབ་འབད་དེ་ དཔྱད་ཡིག་འདི་ ལེགས་བཅོས་འབད་དགོ་པའི་ བཀའ་རྒྱ་ཚུ་ ཚོགས་ཆུང་ལུ་ གནང་སྟེ་ཡོདཔ་ཨིན། 

དཔྱད་ཡིག་འདི་ ཚོགས་ཁང་གིས་ ནངས་པར་ རྒྱན་བསྐྱུར་ཐོག་ལས་ ཆ་འཇོག་མཛད་གནང་ནི་ཨིན་པས།

Comment