dark_mode
Friday, 22 November 2024

The Parliament is in its winter session

སྤྱི་ཚོགས་ལྷན་ཞུགས་ཀྱིས་ དམངས་རྩིས་ཚོགས་ཆུང་གི་ བསྐྱར་ཞིབ་སྙན་ཞུ་ཚུ་ འཕྲོ་མཐུད་དེ་ར་ གསུང་གྲོས་གནང་ཡོདཔ།

སྤྱི་ཚོགས་ལྷན་ཞུགས་ཀྱིས་ དམངས་རྩིས་ཚོགས་ཆུང་གི་ བསྐྱར་ཞིབ་སྙན་ཞུ་ཚུ་ འཕྲོ་མཐུད་དེ་ར་ གསུང་གྲོས་གནང་ཡོདཔ།

ད་རིས་ སྤྱི་ཚོགས་ལྷན་ཞུགས་ཀྱིས དམངས་རྩིས་ཚོགས་ཆུང་གིས་ ༢༠༢༢-༢༠༢༣ ལོའི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་དང་   ༢༠༡༠-༢༠༢༢ ལོའི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ མོས་མཐུན་གུ་ གསུང་གྲོས་འཕྲོ་མཐུད་དེ་ གནང་ཡི།

སྤྱི་ཚོགས་ལྷན་ཞུགས་ཀྱིས་  དམངས་རྩིས་་ཚོགས་ཆུང་གི་  གྲོས་འདེབས་ གགཞུང་གིས་ ཆུ་མཛོད་ཁང་དང་ ཡང་ན་ ཆུ་མཛོད་ཁང་གི་ གདམ་ཁ་ཚུ་ མགྱོགས་དྲགས་སྦེ་ སྲིད་བྱུས་ཐག་གཅོད་་ནི་དང་ ས་འོག་གློག་མེ་ཁང་དང་ གློག་འཕྲུལ་གྱི་ཅ་ཆས་ཚུ་ བརྟག་ཞིབ་དང་ འགོ་བཙུགས་པའི་སྐབས་ གདོང་ལེན་མ་འབྱུང་ནི་གི་དོན་ལུ་ཕུལ་ཡོད་མི་འདི་ གསུང་གྲོས་གནང་སྟེ་ ཆ་འཇོག་འབད་ཡི།

ལྷན་ཞུགས་ཀྱིས་ དམངས་རྩིས་ཚོགས་ཆུང་གིས་ ཆ་འཇོག་འབད་ཡོད་པའི་  རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ གཤམ་གསལ་གྲོས་འདེབས ༧ གུ་ཡང་ གསུང་གྲོས་གནང་ཡི།

༡༽ གཞུང་གི་ལས་སྡེ་ཚུ་གིས་ ཁྲིམས་ཀྱི་དབང་འཛིན་དང་ དྲང་བདེན་བཀྲམ་སྤེལ་འབད་ནིའི་དོན་ལུ་ རང་སོའི་ལས་སྡེ་ཚུ་གིས་ རྩིས་ཞིབ་ཀྱི་ རྩིས་ཉོགས་ཚུ་ ཁྲིམས་འདུན་གྱི་ འཁྲུན་ཆོད་ཚུ་ མགྱོགས་དྲགས་སྦེ་ ལག་ལེན་འཐབ་ནི།

༢༽ གཙུག་སྡེ་གི་ འགོ་དཔོན་ཚུ་གིས་ འགྲོ་འགྲུལ་གྱི་ ཐོབ་ཐངས་ཚུ་  ཤེས་རྟོགས་ ཤུགས་བཀག དང་ བཀག་ཐབས་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཚད་འཛིན་གྱི་ཐབས་ལམ་ཚུ་ བརྟན་ཏོག་ཏོ་བཟོ་དགོཔ་མ་ཚད་ རང་སོའི་ལས་སྡེ་ཚུ་གི་ནང་འཁོད་ལུ་ བསྟར་སྤྱོད་དང་ འགན་འཁྲི་གི་ལམ་སྲོལ་ཚུ་ ངེས་གཏན་བཟོ་དགོཔ།

༣༽ རྫོང་ཁག་ཚུ་ནང་ རྡོ་བཏོན་ནི་དང་ ལག་ལེན་འཐབ་ནིའི་དོན་ལུ་ ཁེ་འབབ་བསྡུ་ལེན་འབད་ནིའི་དོན་ལུ་ ནགས་ཚལ་ལས་ཁུངས་དང་ ལག་ལེན་འཐབ་མི་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་དང་ འགོ་འདྲེན་་ཡར་དྲག་གཏང་དགོཔ།

༤༽ འཆར་དངུལ་བཟོ་བའི་སྐབས་ ལས་སྡེ་ཚུ་ལུ་ དངུལ་བཙུགས་ཀྱི་ལཱ་ཚུ་ བཀོད་སྒྲིག་འབད་ནིའི་ལམ་ལུགས་ཚུ་ བསྐྱར་ཞིབ་འབད་དགོཔ་དང་ བཀྲམ་སྤེལ་གྱི་ལཱ་ཚུ་ ངོས་འཛིན་འབད་དགོ།

༥༽ ལས་འགུལ་འཛིན་སྐྱོང་ནང་ དམིགས་བསལ་གྱིས་ ལྟ་རྟོག་དང་བརྟག་ཞིབ་ལམ་ལུགས་སྒྲིང་སྒྲིང་ཐོག་ལས་ གཞུང་སྐྱོང་ཡར་དྲག་གཏང་དགོཔ།

༦༽ འཆར་དངུལ་ལས་སྡེ་ཚུ་གིས་ ལག་ལེན་འཐབ་མི་ སི་ཌི་རྩིས་ཁྲ་ཚུ་ག་ར་ མཉམ་སྡེབ་འབད་དགོཔ་དང་།

༧༽ དངུལ་ཕོགས་བསྐྱར་ཞིབ་བཅའ་ཁྲིམས་ ༢༠༢༣ ཅན་མ་དང་འཁྲིལ་ ངོས་འཛིན་འབད་ཡོད་པའི་སྣུམ་འཁོར་ཚུ་གི་ ཐོབ་དབང་ཚུ་ དུས་རྒྱུན་དང་ དམ་དམ་སྦེ་ བསྟར་སྤྱོད་འབད་དགོཔ།

སྤྱ་ཚོགས་ལྷན་ཞུགས་ཀྱིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྤྱི་ལོ་ ༢༠༡༠-༢༠༢༢ གི་ བསྐྱར་ཞིབ་སྙན་ཞུ་ཚུ་ བརྟག་ཞིབ་འབད་ནིའི་དོན་ལུ་ ཚོགས་ཆུང་གི་ གྲོས་འདེབས་ཚུ་ཡང་ གསུང་གྲོས་གནང་ཡོདཔ་མ་ཚད་ ཚོགས་ཆུང་གིས་ གྲོས་འཆར་བཀོད་མི་དང་འཁྲིལ་ ཆ་འཇོག་འབད་ཡོདཔ་ཨིན།

སྤྱི་ཚོགས་ལྷན་ཞུགས་ཀྱིས་ ཚོགས་རྒྱན་ རྒྱན་བསྐྱུར་ཐོག་ལས་ འཐུས་མི ༦༦ ཡོད་ས་ལས་ འཐུས་མི་ ༦༥ གིས་བཏུབ་ དང་ འཐུས་མི་ ༡ གིས་མི་བཏུབ་ཟེར་  དམངས་རྩིས་ཚོགས་ཆུང་གི་གྲོས་འདེབས་ཡོངས་རྫོགས་སྦེ་ ཆ་འཇོག་གནང་ཡི། གཞུང་གིས་ གནམ་དགུན་གྱི་ ཚོགས་ཐེངས་སྐབས་ ཆ་འཇོག་འབད་མི་ གྲོས་འདེབས་ཚུ་གི་ཐོག་ལུ་ བྱ་སྤྱོད་སྙན་ཞུ་ ཕུལ་དགོ་པའི་གནས་ཚུལ།


comment

vote / poll

How should the government react to Bhutanese leaving to Australa ?

view_results
Encourage them
66%
Discourage them
18%
Stop them from leaving
16%