Dark Mode
Monday, 08 September 2025
རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གཉིས་ཀྱི་བར་ནའི་ མཁའ་གྲུལ་ཞབས་ཏོག་གི་ གན་རྒྱ་ ༢༠༢༤ ཅན་མ་འདི་  རྒྱབ་སྣོན་ཆ་སྦྱོར་འབད་ཡོདཔ་ཨིན།

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གཉིས་ཀྱི་བར་ནའི་ མཁའ་གྲུལ་ཞབས་ཏོག་གི་ གན་རྒྱ་ ༢༠༢༤ ཅན་མ་འདི་ རྒྱབ་སྣོན་ཆ་སྦྱོར་འབད་ཡོདཔ་ཨིན།

དཔྱད་ཡིག་འགོ་འཛིན་པ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་བློན་པོ་གིས་ དཔལ་ལྡན་འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གཉིས་ཀྱི་བར་ནའི་ མཁའ་འགྲུལ་ཞབས་ཏོག་གི་གན་རྒྱ་ ༢༠༢༤ ཅན་མ་འདི་ ཆ་སྦྱོར་གྱི་དོན་ལུ་ གྲོས་དོན་ཕུལ་ཡི།

དེ་ལུ་ ཚོགས་གྲལ་འཐུས་མི་ཡོངས་བསྡོམས་ ༤༥ ཡོད་ས་ལས་ འཐུས་མི་ག་ར་གིས་ རྒྱབ་སྐྱོར་གནང་སྟེ་ གན་རྒྱ་འདི་ ཆ་སྦྱོར་གནང་ཡི། གན་རྒྱ་འདི་ཡང་ རྒྱལ་ཡོངས་ཚོགས་སྡེའི་ནང་གསུང་གྲོས་ཀྱི་དོན་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།


Comment