
འབྲུག་གཞུང་དང་ཀུ་ཝེཊ་གཞུང་གི་བར་ནའི་ མཁའ་གྲུལ་ཞབས་ཏོག་གི་གན་རྒྱ་ ༢༠༢༤ ཅན་མའི་ལྷག་ཐེངས་གསུམ་པ།
འགྲོ་བ་མིའི་དབང་ཆ་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཁྲི་འཛིན་ ཕུན་ཚོགས་གླིང་འདེམས་ཁོངས་ཀྱི་འཐུས་མི་གིས་ འབྲུག་གཞུང་དང་ཀུ་ཝེཊ་གཞུང་གི་བར་ནའི་ མཁའ་གྲུལ་ཞབས་ཏོག་གི་གན་རྒྱ་ ༢༠༢༤ ཅན་མ་འདི་ སྙན་ཞུ་ཕུལ་གནང་ཡི།
ཁྲི་འཛིན་གྱིས་ཞུ་མི་ནང་ལུ་ གན་རྒྱ་འདི་གིས་ རྒྱལ་སྤྱིའི་མཐུན་འབྲེལ་ཡར་དྲག་དང་ འབྲུག་དང་ཀུ་ཝེཊ་གཉིས་ཀྱི་བར་ན་ མཁའ་གྲུལ་ཞབས་ཏོག་གི་ མཉམ་འབྲེལ་ལེགས་ཤོམ་འགྱོཝ་དང་གཅིག་ཁར་ དེ་བཟུམ་སྦེ་ར་ གན་རྒྱ་འདི་གིས་ རྒྱལ་སྤྱིའི་མཁའ་གྲུལ་དབང་ཚད་དང་ཉེན་སྲུང་ དེ་ལས་གཅིག་མཐུན་ཚུ་ཡང་ ངེས་བརྟན་བཟོ་འོང་ཟེར་ཞུ་ཡི།། དེ་དང་གཅིག་ཁར་ འཐུས་མི་གིས་ཞུ་མི་ནང་ ཚོང་འབྲེལ་པ་ཚུའི་གོ་སྐབས་ཡར་འཕེལ་གཏང་ནི་གི་མ་ཚད་པར་ འབྲུག་མི་འགྲོ་འགྲུལ་འབད་མི་ཚུ་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ཨིན་པས།
གན་རྒྱ་འདི་གུ་ རྩ་ཚན་རེ་རེ་བཞིན་དུ་ ཕྱག་ཡར་སེང་གི་ཐོག་ལས་ ཚོགས་དམངས་ཀྱིས་ ངོས་ལེན་མཛད་ཡོདཔ་དང་ གན་རྒྱ་འདི་ཡང་ བྱ་བའི་གནད་སྤྱོད་ལྟར་དུ་ ནངས་པ་རྒྱན་སྐྱུར་ཀྱི་ཐོག་ལས་ ཆ་སྦྱོར་གནང་ནི་ཨིན་པའི་གནས་ཚུལ།
Comment
Vote / Poll
How should the government react to Bhutanese leaving to Australa ?