Dark Mode
Tuesday, 19 August 2025

Welcome to the National Assembly of Bhutan's website...

དམངས་རྩིས་ཚོགས་ཆུང་གིས་ རྩིས་་ལོ་ ༢༠༢༢-༢༠༢༣ ལོའི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་དང་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ ༢༠༡༠ ལས་ ༢༠༢༢ ལོའི་ བསྐྱར་ཞིབ་སྙན་ཞུ་ ཕུལ་ཡོདཔ།

དམངས་རྩིས་ཚོགས་ཆུང་གིས་ རྩིས་་ལོ་ ༢༠༢༢-༢༠༢༣ ལོའི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་དང་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ ༢༠༡༠ ལས་ ༢༠༢༢ ལོའི་ བསྐྱར་ཞིབ་སྙན་ཞུ་ ཕུལ་ཡོདཔ།

ད་རིས་སྤྱི་ཚོགས་ལྷན་ཞུགས་ནང་ དམངས་རྩིས་ཚོགས་ཆུང་གི་ཁྲི་འཛིན་ རྒྱལ་ཡོངས་ཚོགས་སྡེ་གི་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ ལོ་བསྟར་དངུལ་འབྲེལ་རྩིས་ཐོ་དང་ རྩིས་ཉོགས་ཀྱི་དབྱེ་ཁག་ རྩིས་སྒྲིག་འབྱུང་མི་དང་ མ་འབྱུང་མི་ རྩིས་ཉོགས་ཀྱི་དབྱེ་ཁག་ཚུ་ ལས་སྡེ་ཁག་ཚུ་གིས་ རྩིས་སྒྲིག་འབྱུང་མི་དང་ མ་འབྱུང་མི་རྩིས་ཉོགས་ཚུ་ དེ་ལས་ ཚོགས་ཆུང་གི་ ཞིབ་རྟོགས་དང་ གྲོས་འདེབས་ཚུ་ བཤལ་ཞུ་ཕུལ་ཡི།

ཚོགས་ཆུང་གིས་ འདི་བཟུམ་གྱི་ རྩིས་ཉོགས་འདི་ཚུ་ ལས་སྡེ་ཚུ་ནང་ ལམ་ལུགས་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ་ལས་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ག་རའི་ནང་ དུས་རྒྱུན་དུ་ ཐོན་དོ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས། འཕྲལ་འཕྲལ་རང་ཐོན་འདི་ཡོད་མི་རྩིས་ཉོགས་ཚུ་ རྩིས་ལོ་ ༢༠༢༢-༢༣ ནང་ རྩིས་ཆད་ ཡོདཔ་པའི་མི་མང་གི་ལཱ་ དོན་ལུ་ དངུལ་ཀྲམ་ས་ཡ་ ༣༨༩.༠༨ དང་ དངུལ་ཀྲམ་ས་ཡ་ ༢༣༥.༩༡ འདི་ དངུལ་འཐེབ་སྤྲོད་ཡོདཔ་དང་ དེ་ལས་ ཟད་འགྲོ་འཕྲོ་བརླག་གཏང་མི་ལུ་ དངུལ་ཀྲམ་ས་ཡ་༡༥༦.༤༩ དེ་གི་མ་ཚད་  ཁྲིམས་དང་་ཁྲལ་ལྟ་བུ་ ཉེས་ཆད་་ ཀྱི་་དོན་ལུ་ དངུལ་ཀྲམ་ས་ཡ་ ༣༩.༦༦ ཨིན་། དངུལ་ཀྲམ་ ས་ཡ་ ༢༡.༩༢ འདི་ མ་ཆོག་པའི་ དང་གཞན་མེ་ དངུལ་སྤྲོད་ཚུ་གི་དོན་ལུ་ཨིན་པས།

ཁྲི་འཛིན་གྱིས་ ཚོགས་ཁང་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི གྲོས་འདེབས་ ༧ ཕུལ་མི་གི་ཁ་སྐོང་ལུ་ ཚོགས་ཆུང་གི་ གྲོས་འདེབས་ ༣ ཕུལ་ཡི།

ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ནང་།

༡༽ གཞུང་གིས་ འཕྲལ་འཕྲལ་རང་ཐོན་འདི་ཡོད་པའི་ རྩིས་ཉོགས་ཚུ་ དཔེ་འབད་བ་ཅིན་ དངུལ་འཐེབ་སྤྲོད་མི་ ལཱ་མཇུག་མ་བསྡུཝ་ལས་ ཟད་འགྲོ་བདག་སྲུང་འབད་ནི་ མ་ཆོག་པའི་ དངུལ་སྤྲོད་ནི་ སྐྱིན་འགྲུལ་བསྡུ་ལེན་འབད་མི་ རྒུད་བསྡུ་ལེན་མ་འབད་ནི་ལག་སོགས་པ་ཚུ་ བརྩོན་ཤུགས་དང་ ནང་འཁོད་ཚད་འཛིན་ཐབས་ལམ་ཡར་དྲག་གཏང་ནི་དོན་ལུ་ ཐབས་ཤེས་སྒྲིག་དགོ།

༢༽ གཞུང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ དང་ཅིག་ཁར་ གྲོས་བསྟུན་འབད་དེ་ ལས་ཁུངས་ག་རའི་ནང་ ཁྱད་རིག་གི་སྡེ་ཚན་མ་འདྲཝ་ནང་ མི་སྟོབས་ཀྱི་ ཁྱད་པར་ཚུ་ བསྐྱར་ཞིབ་འབད་ནི་དང་ འཆར་གཞི་ ༡༣ པའི་ནང་ གསར་སྒྲུབ་ཀྱི་མ་དངུལ་ རྒྱ་ཆེ་དྲགས་སྦེ་ ཡང་སེང་འགྱོ་ཡོདཔ་ལས་ མི་སྟོབས་ཀྱི་དཀའ་་ངལ་ཡོད་མི་ཚུ་ དུས་ཚོད་ཁར་ ཚབ་མ་བྱིན་དགོ།

༣༽ གཞུང་གིས་ ཆུ་མཛོད་ཁང་དང་ ཡང་ན་ ཆུ་མཛོད་ཁང་གི་ གདམ་ཁ་ཚུ་ མགྱོགས་དྲགས་སྦེ་ སྲིད་བྱུས་ཐག་གཅོད་་ནི་དང་ ས་འོག་གློག་མེ་ཁང་དང་ གློག་འཕྲུལ་གྱི་ཅ་ཆས་ཚུ་ སྤུ་ན་གཙང་ཆུ་དང་པའི་ གློག་མེ་ལས་འཛིན་ བརྟག་ཞིབ་དང་ འགོ་བཙུགས་པའི་སྐབས་ གདོང་ལེན་མ་འབྱུང་ནི་གི་དོན་ལུ་ཨིན་པས།

གསུང་གྲོས་ཀྱི་སྐབས་ འཐུས་མི་ཚུ་གིས་ ད་ལྟོ་ཡོད་པའི་དཀའ་ངལ་ཚུ་ སེལ་ཐབས་ལུ་ མཉམ་འབྲེལ་དང་ ཐབས་བྱུས་ལེགས་ཤོམ་དགོཔ་འདུག་ཟེར་ ཞུ་ཡི། གཞུང་གིས་ འགན་འཁྲི་ཅན་གྱི་མི་ཚུ་ལུ་ རྩིས་ཁྲ་བཙུགས་ཏེ་ གཡོ་སྒྱུ་དང་ ངན་ལྷད་ཡར་སེང་འགྱོ་མི་ལུ་ གདོང་ལེན་འབད་དགོཔ་འདི་ གལ་ཆེ་བས་ཟེར་ ཞུ་ཡི། ཡུན་རིངམ་སྦེ་ཐོན་ཡོད་པའི་ དཀའ་ངལ་ དངུལ་འཐེབ་སྤྲོད་ཡོདཔ་ མི་མང་གི་ཟད་འགྲོ་གཏང་ནི་ནང་ ལྕོགས་གྲུབ་མེད་མི་ དང་ བཟོ་རིགས་འགོ་དཔོན་ཚུ་ ཕྱོགས་སྡེབ་བཟོ་མི་འདི་གི་ ལཱ་འགན་ལྗིག་ཅན་དང་ ལཱ་བྱདཔ་མངམ་དགོ་ཡོདཔ་ཚུ་ སེལ་ཐབས་ལུ་ ཚ་གྱང་ཚུ་ཞ་ཡོདཔ་ཨིན།མ་ལུགས་བསྐྱར་ཞིབ་དང་ ཐབས་ཤེས་འཚོལ་ནི་ལུ་ འབྲེལ་ཡོད་ཚུ་གིས་ གྲོས་བསྟུན་འབད་ནི་འདི་ གལ་ཆེ་ཤོས་ཅིག་ཨིན་ཟེར་ཞུ་ཡི།།

ཚོགས་ཁང་གིས་ ཕྱག་ཡར་སེང་ཐོག་ལས་ ཚོགས་ཆུང་གི་ཕུལ་མི་ གྲོས་འདེབས་འགོ་དང་པ ༢ ཕ ཆ་འཇོག་འབད་ཡི། གསུང་གྲོས་འདི་ ནངས་པ་ འཕྲོ་མཐུད་དེ་ གནང་ནི་ཨིན་མས།


Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
17%
Stop them from leaving
15%