Dark Mode
Tuesday, 30 September 2025

Welcome to the National Assembly of Bhutan's website...

གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ཐབས་ཀྱི་ གྲོས་དོན།

གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ཐབས་ཀྱི་ གྲོས་དོན།

ད་རིས་ གཞུང་སྐྱོང་ལེགས་སྡན་ཚོགས་ཆུང་གི་འཐུས་མི་ སྦོང་སྒོ་སྐྱབས་ཆ་འདེམས་ཁོངས་ཀྱི་ འཐུས་མི་གྱིས་ གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ཐབས་ཀྱི་གྲོས་དོན་ ཚོགས་ཁང་ནང་ལུ་ཕུལ་ཡི།་

འཐུས་མི་གིས་ ང་བཅས་རའི་ གསོ་བའི་ལས་བྱེདཔ་ཚུ་གིས་ བརྩོན་ཤུགས་ག་དེམ་ཅིག་བསྐྱེད་རུང་ རྒྱལ་ཡོངས་སྨན་བཅོས་ཞབས་ཏོག་དང་ ས་གནས་གཞུང་གི་བར་ན་ འཆར་གཞི་ ༡༣ པའི་བདག་དབང་དྭངས་གསལ་མེད་པའི་དཀའ་ངལ་འདུག་ཟེར་ཞུ་ཡི།  དྲུང་འཚོ་མ་ལངམ་ལས་  གཞན་བདག་སྐྱོང་དང་འབྲེལ་བའི་ལཱ་གྱི་ འགན་ཁུར་ལྕི་དྲགས་ཕོག་དོ་ཡོདཔ་དང་ གྲོང་གསེབ་གསོ་བའི་ཞབས་ཏོག་ མཚམས་འཇོག་འབད་ནི་ དང་ སྨན་མ་ལང་པའི་དཀའ་ངལ་གནད་དོན་ཚུ་ཞུ་ཡི།། མི་སེར་ག་ར་ལུ་ སྤུས་ཚད་ཡོད་པའི་ གསོ་བའི་ཞབས་ཏོག་བྱིན་ནི་གི་དོན་ལུ་ གོང་འཁོད་ཀྱི་དཀའ་ངལ་དེ་ཚུ་ འཕྲལ་མགྱོགས་འབད་རང་སེལ་གནང་དགོཔ་སྦེ་ཞུ་ཡི།

དེ་ལུ་འཐུས་མི་གིས་ གྲོས་འདེབས་ཡང་ཕུལ་ཡི།

ཚོགས་ཁང་གིས་ གྲོས་དོན་འདི་ འཐུས་མི་ ༣༩ ཡོད་ས་ལས་ ༣༣ གིས་བཏུབ་ ༢ ཀྱིས་ མི་བཏུབ་དང་ ༤ གིས་འཛེམ་སྟེ་ ཆ་འཇོག་གནང་ཡི། ཚོགས་ཁང་གིས་ གསོ་བའི་ལྷན་ཁག་ལུ་ བསྟར་སྤྱོད་ཀྱི་དོན་ལུ་གཏང་ནི་གི་དོན་ལུ་ ཚོགས་ཆུང་གྱིས་  གྲོས་འདེབས་ཚུ་ ལེགས་བཅོས་འབད་དེ་ གྲོས་འདེབས་ཚུ་ རྒྱ་ཆེ་བ་སྦེ་ བཟོ་དགོཔ་སབེ་བཀའ་གནངམ་དང་ གྲོས་དོན་གྱི་གྲོས་འདེབས་ལེགས་བཅོས་ཚུ་ཡང་།

Comment