ཡིག་ཚང་ཞབས་ཏོག་སྡེ་ཚན།
Enhancing the Parliamentary Journey
རྒྱལ་ཡོངས་ཚོགས་འདུ་གིས་ ཚོགས་འདུ་ཁོ་རའི་དམིགས་དོན་དང་ འཆར་སྣང་ཚུ་ འགྲུབ་ཐབས་ལུ་ སྡེ་ཚན་འདི་གིས་ ཐབས་ལམ་འཆར་གཞི་དང་ འཛིན་སྐྱོང་གཏན་འཁེལ་གྱི་ ལཱ་འགན་འབག་དོ་ཡོདཔ་ཨིན། འདི་བཟུམ་སྦེ་ སྡེ་ཚན་འདི་གིས་ ཉིན་བསྟར་གྱི་ སྤྱིར་བཏང་བདག་སྐྱོང་དང་ དངུལ་འབྲེལ་ཞབས་ཏོག་ཚུ་ཡང་ འཛིན་སྐྱོང་འཐབ་ཨིན། སྡེ་ཚན་གཞན་མི་བཟུམ་སྦེ་ སྡེ་ཚན་འདི་གིས་ རྒྱལ་ཡོངས་ཚོགས་འདུའི་ཆེད་བསྟོད་ཅན་གྱི་འཐུས་མི་དང་ ཚོགས་ཆུང་ དེ་ལས་ ཡོངས་ཁྱབ་དྲུང་ཆེན་ལུ་ ཁྱད་རིག་གི་ལམ་སྟོན་དང་ རྒྱབ་སྐྱོར་ཞབས་ཏོག་ཚུ་ ཕུལ་དོ་ཡོདཔ་ཨིན། དེ་མ་ཚད་ དགོས་མཁོ་དང་བསྟུན་ ལཱ་འགན་གཞན་ཡང་འབག་སྟེ་ ལཱ་འབད་དོ་ཡོདཔ་དང་ སྡེ་ཚན་འདི་ ནང་གསེས་སྡེ་ཚན་༣ ལུ་ དབྱེ་སྟེ་ཡོདཔ་ཨིན།
བདག་སྐྱོང་རྒྱབ་སྐྱོར་ སྡེ་ཚན།
དྲུང་ཆེན་ཡིག་ཚང་གི་ ཉིན་བསྟར་བདག་སྐྱོང་ལཱ་འབད་ནི(བདག་སྐྱོང་གི་ སྒྲིགས་ཁྲིམས་དང་ བཅའ་ཡིག་དང་སྒྲིགས་གཞི་རྒྱུན་སྐྱོང་འཐབ་ནི་དང་ ལོ་བསྟར་མཉམ་འབྲེལ་ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་ནི།)
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཐེངས་ཀྱི་སྐབས་ བཞེས་སྒོ་སྐྱེལ་དྲང་གི་ཞབས་ཏོག་ གྲ་སྒྲིག་འབད་ནི།
སྣུམ་འཁོར་རྒྱུན་སྐྱོང་དང་ ལག་ལེན་གྱི་ ལཱ་འགན་འབག་ནི།
མི་སྟོབས་ སྡེ་ཚན།
དྲུང་ཆེནཡིག་ཚང་དང་ མི་སྟོབས་སྲིད་བྱུས་ཀྱི་དོན་ལུ་ མི་སྟོབས་གོང་འཕེལ་གཏང་ནི།
གཡོག་གི་མདུན་ལམ་དང་ ལཱ་གཡོག་གོང་འཕེལ་ལས་རིམ་ཚུ་ གོང་འཕེལ་དང་ བསྟར་སྤྱོད་འབད་ནི།
གསར་བཙུགས་དང་ གདམ་འཐུ་ གཡོག་གནས་ དེ་ལས་ ལས་བྱེདཔ་འགྲུལ་སྐྱོད་ལུ་གནོད་པའི་ གཞན་མི་ རང་དོན་བྱ་ལེན་གྱི་ སྲིད་བྱུས་དང་ བྱ་སྒོའི་རིམ་པ་ཚུ་ བསྟར་སྤྱོད་འབད་ནི།
ལཱ་གཡོགཔ་གི་ རྒུད་འཐུས་དང་ ཁེ་ཕན་གནད་དོན་ཚུ་ འཛིན་སྐྱོང་འཐབ་ནི་དང་ མི་ངོམ་རེ་གི་ ཐོ་དེབ་བཞག་ནི།
ཆ་འཇོག་གྲུབ་པའི་ ལོ་བསྟར་བསྐྱར་ཞིབ་འཆར་གཞི་དང་འཁྲིལ་ཏེ་ མི་སྟོབས་གོང་འཕེལ་གྱི་འཆར་གཞི་གཙོ་རིམ་བཟོ་སྟེ་ བསྟར་སྤྱོད་འབད་ནི།
- སྡེ་ཚན་གཞན་མི་ཚུ་དང་ མཉམ་འབྲེལ་ཐོག་ ལས་དོན་དང་ ལཱ་གཡོགཔ་འབད་ནི།
དྲུང་ཆེན་ཡིག་ཚང་ནང་གི་ ལཱ་གཡོགཔ་གི་ རིག་རྩལ་དང་ དགོས་མཁོའི་སྦྱོང་བརྡར་དང་ མི་སྟོབས་དགོས་མཁོ་ཚུ་ བརྟག་ཞིབ་འབད་ནི།
ཡོད་ཐོ་དང་ སྒྲིགས་ཁྲིམས་ ངལ་གསོའི་ཆད་ཐོ་ བསྐོ་བཞག་དང་ གོ་གནས་ཡར་སེང་ གནས་སོར་དང་ གཞན་རང་རྐྱང་འགྲུལ་སྐྱོད་ཚུ་ བདག་འཛིན་འཐབ་ནི།
དངུལ་རྩིས་ སྡེ་ཚན།
དྲུང་ཆེན་ཡིག་ཚང་ནང་གི་ དངུལ་རྩིས་དང་འབྲེལ་བའི་ ལས་རིམ་དང་ རིམ་ལུགས་ དེ་ལས་ བྱ་སྒོའི་རིམ་པ་ཚུ་ གོང་འཕེལ་དང་ འགོ་འདྲེན་ བསྟར་སྤྱོད་དང་ ཡར་སྐྱེད་གཏང་ནི།