Dark Mode
Monday, 08 September 2025

ཞིབ་འཚོལ་དང་ཟིན་འགོད་སྡེ་ཚན།

Enhancing the Parliamentary Journey


རྒྱལ་ཡོངས་ཚོགས་འདུའི་དྲུང་ཆེན་ཡིག་ཚང་གི་ ཞིབ་འཚོལ་དང་ཟིན་འགོད་སྡེ་ཚན་གྱིས་ དྲུང་ཆེན་ཡིག་ཚང་གི་ ཞིབ་འཚོལ་དང་ ཡིག་ཆ་ཐོ་དེབ་ཀྱི་ལཱ་འགན་ཚུ་འབག་དོ་ཡོདཔ་དང་ ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་འདུའི་ཆེད་བསྟོནད་ཅན་གྱི་འཐུས་མི་ ཚོགས་ཆུང་ དེ་ལས་ ཡོངས་ཁྱབ་དྲུང་ཆེན་ལུ་ ཁྱད་རིག་ལམ་སྟོན་དང་ ཞིབ་འཚོལ་རྒྱབ་སྐྱོར་ཞབས་ཏོག་ཚུ་ཡང་ ཕུལཝ་ཨིན་མས། སྡེ་ཚན་འདི་གིས་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཀོད་ཁྱབ་དང་འཁྲིལ་ ལཱ་འགན་གཞན་ཚུ་ཡང་ འབད་དོ་ཡོདཔ་ཨིན།

སྡེ་ཚན་འདི་ དམིགས་བསལ་ལཱ་གཡོག་གི་ འགན་དབང་དང་སྦྲགས་ཏེ་ སྡེ་ཚན་ནང་གསེས་གསུམ་ལུ་དབྱེ་སྟེ་ཡོད་མི་དེ་ཡང་:

༡༽ ཞིབ་འཚོལ་སྡེ་ཚན།

  • གྲོས་གཞི་གྲ་སྒྲིག་དང་ མཐའ་བཅད་བཟོ་ནི།

  • འཐུས་མི་ཚུ་ལུ་ ལཱ་གཞི་དང་ ལས་ཚན་ཞིབ་འཚོལ་འབད་ནི།

  • ཞིབ་འཚོལ་ཡིག་ཆ་ཚུ་ ཞུན་དག་དང་ བསྐྱར་ལོག་ལྷག་ནི།

  • དཔེ་སྐྲུན་དང་ རྒྱབ་རྟེན་ཡིག་ཆ་ཚུ་ དཔེ་སྐྲུན་དང་ པར་ཡིག་བཏབ་སྟེ་ བཀྲམ་སྤེལ་འབད་ནི།

  • འོས་འབབ་དང་ དགོས་མཁོ་དང་འཁྲིལ་ ཞིབ་འཚོལ་གྲུབ་འབྲས་ཚུ་ འཐུས་མི་དང་ དྲུང་ཆེན་ཡིག་ཚང་གི་ལས་བྱེདཔ་ དེ་ལས་ བརྡ་བརྒྱུད་ཚུ་ལུ་ གསལ་ཞུ་འབད་ནི།

  • རྫོང་ཁའི་གསལ་བཤད་དང་ ཡིག་འབྲེལ་གལ་ཅན་ཚུ་ ཟིན་བྲིས་བཏབ་ནི།

༢༽ ཟིན་འགོད་ སྡེ་ཚན།

  • རྩོད་འགྲན་ཚུ་ ག་སླབ་ ཡིག་ཐོག་ལུ་བཀོད་ནི།

  • གྲོས་ཆོད་ཟིན་བྲིས་བཏབ་ནི་ ཞུན་དག་འབད་ནི།

  • ཁྲིམས་དོན་ཐབས་ལམ་གྱི་དོན་ལུ་ ནུས་ཤུགས་ཅན་གྱི་ ཐོ་བཀོད་རིམ་ལུགས་ཐོག་ བཀྲམ་སྤེལ་དང་ ལྟ་རྟོག་ཚུ་ གཏན་འཁེལ་བཟོ་ནི།

  • རྒྱལ་ཡོངས་ཚོགས་འདུའི་ ཉིན་བསྟར་གནས་དེབ་ཀྱི་ བྱ་སྒོའི་རིམ་པ་ཚུ་ ག་སླབ་ཐོ་བཀོད་འབད་ཞིནམ་ལས་ ངག་བརྗོད་ལྷད་མེད་དེབ་སྒྲིག་འབད་ནི།

༣༽ སྐད་སྒྱུར་སྡེ་ཚན།

  • གྲོས་གཞི་དང་ ཉིན་བསྟར་ཁྱབ་བསྒྲགས་ བཀའ་རྒྱའི་ཡིག་ཆ་ གྲོས་ཆོད་ཚུ་ རྫོང་ཁ་ལས་ཨིང་སྐད་དང་ ཨིང་སྐད་ལས་ རྫོང་ཁའི་ནང་ སྐད་སྒྱུར་འབད་ནི།

  • གསར་ཤོག་དང་ ཞིབ་འཚོལ་ཡིག་ཆ་ གནས་དེབ་དང་ དེ་ལས་ གནས་ཤོག་ཚུ་ སྐད་སྒྱུར་འབད་ནི།

  • རྒྱལ་འཛིན་བཀའ་རྒྱ་དང་ གསལ་བཤད་གལ་ཅན་ དེ་ལས་ འབྲེལ་ཡོད་ཡིག་ཆ་ཚུ་ སྐད་སྒྱུར་འབད་ནི།

  • སྤྱི་ཚོགས་ཀྱི་ ལཱ་འགན་དང་འབྲེལ་བའི་ བཀོད་ཁྲིམས་དང་ དཔྱད་ཡིག་ བཅའ་ཡིག་ དེ་ལས་ བྱ་རིམ་ཚུ་ སྐད་སྒྱུར་འབད་ནི།

Terms of Reference of the Assistant Research Officers.

Click the link to view ToR (Download)