Dark Mode
Monday, 08 September 2025

བརྡ་དོན་དང་བརྒྱུད་འབྲེལ་སྡེ་ཚན།

Enhancing the Parliamentary Journey


སྡེ་ཚན་འདི་གིས་ རྒྱལ་ཡོངས་ཚོགས་འདུའི་ མི་མང་མཐུན་འབྲེལ་འཛིན་སྐྱོང་དང་ འགོ་འདྲེན་གྱི་ ལཱ་འགན་འབགཔ་ཨིན། རྒྱལ་ཡོངས་ཚོགས་འདུ་གིས་གནང་ཡོད་པའི་ ཕྱག་ལཱ་ཚུ་ མི་སེར་ལུ་གོ་བ་བརྡ་སྤྲོད་ཀྱི་དོན་ལུ་ ཤེས་ཡོན་དང་ སྐུལ་ཁྱབ་བརྡ་སྤྲོད་ལས་རིམ་ཚུ་འགོ་འདྲེན་འཐབ་ཨིན། འདི་བཟུམ་སྦེ་ ཚོགས་དཔོན་དང་ ཆེད་བསྟོད་ཅན་གྱི་འཐུས་མི་ ཚོགས་ཆུང་ དེ་ལས་ ཡོངས་ཁྱབ་དྲུང་ཆེན་ལུ་ ཁྱད་རིག་ལྡན་པའི་ བརྡ་དོན་དང་ བརྒྱུད་འབྲེལ་གྱི་ ལམ་སྟོན་དང་ རྒྱབ་སྐྱོར་ཞབས་ཏོག་ཚུ་ ཕུལཝ་ཨིན། སྡེ་ཚན་འདི་གིས་ ཡོངས་ཁྱབ་དྲུང་ཆེན་གྱིས་ བཀོད་ཁྱབ་དང་འཁྲིལ་ ལཱ་འགན་གཞན་ཚུ་ཡང་ འབད་དོ་ཡོདཔ་ཨིན།

སྡེ་ཚན་འདི་ དམིགས་བསལ་ལཱ་གཡོག་གི་ འགན་དབང་དང་སྦྲགས་ཏེ་ སྡེ་ཚན་ནང་གསེས་གསུམ་ལུ་དབྱེ་སྟེ་ཡོད་མི་དེ་ཡང་:

༡༽ དཔེ་མཛོད་དང་ གཏན་མཛོད་སྡེ་ཚན།

  • ཁྲིམས་བཟོ་རྒྱབ་སྐྱོར་ཞབས་ཏོག་འདི་ ནུས་ཤུགས་ཅན་ཅིག་ལུ་བཟོ་ཐབས་ལུ་ དཔེ་མཛོད་དང་ གཏན་མཛོད་མཐུན་རྐྱེན་ཚུ་ རྒྱུན་སྐྱོང་དང་ གོང་འཕེལ་ བདག་སྐྱོང་ འཛིན་སྐྱོང་འཐབ་ནི།

  • འཐུས་མི་ཚུ་ལུ་ དཔེ་མཛོད་ཕུལ་ནི་དང་ ཞིབ་འཚོལ་ཞབས་ཏོག་ཚུ་སྤྲོད་ནི།

  • ཁྲིམས་བཟོ་དང་ འཛོལ་སྐྱོན་ དེ་ལས་ ངོ་ཚབ་ལཱ་འགན་ཚུ་ལེགས་ཤོམ་སྦེ་འབད་ཚུགས་ནིའི་དོན་ལུ་ འཐུས་མི་ཚུ་ལུ་ བརྡ་དོན་སྤྲོད་ནི།

༢༽ བརྡ་དོན་འཕྲུལ་རིག་སྡེ་ཚན།

  • གློག་རིག་རིམ་ལུགས་ཀྱི་བརྡ་དོན་ཚུ་ གོང་འཕེལ་དང་ བསྟར་སྤྱོད་ བསྐྱར་ཞིབ་འབད་ནི།

  • རིམ་ལུགས་དབྱེ་དཔྱད་དང་ བཟོ་བཀོད་ ལས་རིམ་ དེ་ལས་ ཡིག་ཆ་ཐོ་བཀོད་ཚུ་ འགོ་འདྲེན་འཐབ་ནི།

  • དགོས་མཁོ་ཆེ་བའི་ སྲ་ཆས་དང་ མཉེན་ཆས་ཚུ་ མཁོ་སྒྲུབ་འགོ་འདྲེན་འཐབ་ནི།

  • གནས་སྡུད་བཟོ་སྦྱོར་ཞབས་ཏོག་ སྤྲོད་ནི།

  • སར་བཱར་(Server) དང་ ས་གནས་ཡོངས་འབྲེལ་ཚུ་ བདག་སྐྱོང་དང་ རྒྱུན་སྐྱོང་ དེ་ལས་ གོང་འཕེལ་གཏང་ནི།

  • ཡོངས་འབྲེལ་རྒྱུན་སྐྱོང་དང་ དུས་མཐུན་བཟོ་ནི།

  • མཐོང་ཐོས་རིམ་ལུགས་ ལག་ལེན་འཐབ་ནི།

༣༽ པར་ཡིག་དང་ དཔེ་སྐྲུན་སྡེ་ཚན།

  • དཔྱད་ཡིག་དང་ གྲོས་ཆོད་ དེ་ལས་ གཞན་ཡིག་ཆ་ཚུ་ པར་ཡིག་བཏབ་ནི།

  • ཡིག་འབྲི་མཁོ་ཆས་ པར་ཡིག་བཏབ་ནི།

  • ཟིན་བྲིས་དགོས་མཁོའི་ ཞབས་ཏོག་སྤྲོད་ནི།

  • དགོས་མཁོ་དང་འཁྲིལ་ རྒྱལ་ཡོངས་ཚོགས་འདུ་ལུ་ པར་ཡིག་དང་ དཔེ་སྐྲུན་ཞབས་ཏོག་ཚུ་ ཕུལ་ནི།