Dark Mode
Tuesday, 19 August 2025

Welcome to the National Assembly of Bhutan's website...

ཁྲིམས་བཟོ་དང་བྱ་རིམ་སྡེ་ཚན།

Enhancing the Parliamentary Journey


སྡེ་ཚན་འདི་གིས་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཐེངས་དང་ ཚོགས་ཆུང་གི་ཞལ་འཛོམས་ཀྱི་ འཆར་གཞི་དང་ ཕན་ཐབས་ཀྱི་ འགན་ཁུར་འབགཔ་ཨིན། འཐུས་མི་དང་ ཡོངས་ཁྱབ་དྲུང་ཆེན་ལུ་ ཁྱད་རིག་ལྡན་པའི་ལམ་སྟོན་དང་ རྒྱབ་སྐྱོར་ཞབས་ཏོག་ཚུ་གིས་མ་ཚད་  ཁྲིམས་དོན་ཚོགས་ཆུང་དང་ དྲུང་ཆེན་ལུ་ རྒྱབ་སྐྱོར་སྤྲོད་དོ་ཡོདཔ་ཨིན། དེ་མ་ཚད་ སྡེ་ཚན་འདི་གིས་ དགོས་མཁོ་དང་བསྟུན་ཏེ་ ལཱ་འགན་གཞན་ཡང་ འབག་དོ་ཡོདཔ་ཨིན། སྡེ་ཚན་འདི་གི་འོག་ དམིགས་བསལ་ལཱ་འགན་འབག་མི་ སྡེ་ཚན་གཉིས་ཡོདཔ་ཨིན།

ཁྲིམས་ལས་སྡེ་ཚན།

  • དཔྱད་ཡིག་དང་ གྲོས་ཆོད་ ཁྲིམས་བཟོ་གྲོས་ཆོད་བཙུགས་པའི་ འཕྲི་སྣོན་ དེ་ལས་ བཀོད་ཁྱབ་བཀའ་རྒྱ་ཚུ་ ཁྲིམས་མཐུན་བཟོ་ནི་ལུ་ ཁྲིམས་མཐུན་བསམ་འཆར་དང་ ལམ་སྟོན་གནང་ནི།

  • དགོས་མཁོ་དང་བསྟུན་ འབྲུག་རྒྱལ་ཁབ་འདི་ཚོགས་པ་ཨིན་པའི་ རྩ་ཁྲིམས་ཆེན་མོ་དང་ ཁྲིམས་ལུགས་དང་ བཀོད་ཁྱབ་བཀོད་རྒྱ་ རྒྱལ་སྤྱིའི་ལྷན་འཛོམས་ ཆིངས་ཡིག་ དེ་ལས་ གན་རྒྱ་ཚུ་གི་དགོངས་དོན་ཚུ་ལུ་ ཁྲིམས་ཀྱིས་གནོད་ཉེན་ཚུ་ གསལ་ཞུ་འབད་ནི།

  • སྤྱི་ཚོགས་ཀྱི་བྱ་སྒོའི་རིམ་པ་དང་ ལམ་ལུགས་བཟོང་པོ་ཚུ་ དུས་མཐུན་བཟོ་ནི།

  • གཞི་བཙུགས་དང་ བཟོ་དབྱིབས་ ལམ་ལུགས་ དེ་ལས་ བཅུད་དོན་ཚུ་གཏན་འཁེལ་བཟོ་ཐབས་ལུ་ དཔྱད་ཡིག་ བཅའ་ཡིག་དང་ སྒྲིགས་གཞི་ཚུ་ བསྐྱར་ཞིབ་འབད་ནི།

  • དྲུང་ཆེན་ཡིག་ཚང་དང་འབྲེལ་བའི་ བཅའ་ཡིག་དང་སྒྲིགས་གཞི་ཚུ་ ཁྱབ་སྤེལ་ལུ་ རྒྱབ་སྐྱོར་འབད་ནི།

  • དྲུང་ཆེན་ཡིག་ཚང་འདི་ཚོགས་པ་ཨིན་པའི་ འགན་འཛིན་དང་ གན་ཡིག་ དེ་ལས་ ཐབས་ལམ་ཚུ་ གྲ་སྒྲིག་འབད་དེ་ སྒེར་སྡེའི་ལས་མགྲོན་ཚུ་གིས་ དྲུང་ཆེན་ཡིག་ཚང་ལུ་སྤྲོད་པའི་ལཱ་རིགས་ཀྱི་ འགན་འཛིན་དགོངས་དོན་གྱི་ གོ་དོན་ཚུ་ འགྲེལ་བཤད་རྐྱབ་ནི།

  • དྲུང་ཆེན་ཡིག་ཚང་གི་ ཁྲིམས་དོན་ཚུ་ བདག་འཛིན་འཐབ་ནི།

ཚོགས་ཆུང་སྡེ་ཚན།

  • ལས་བྱེདཔ་ལུ་རྒྱབ་སྐྱོར་དང་ ཡིག་ཆའི་ཚོགས་ཆུང་ དེ་ལས་ མི་མང་སྙན་གསན་ཚུ་ སྤྲོད་ནི།

  • དྲུང་ཆེན་ཡིག་ཚང་གི་ སྡེ་ཕྲན་གཞན་མི་ཚུ་དང་ མཉམ་འབྲེལ་ཐོག་ ཚོགས་ཆུང་གི་ལས་དོན་ཚུ་ལུ་ བདག་སྐྱོང་དང་ ལག་ལེན་རྒྱབ་སྐྱོར་འབད་ནི།

  • ཡིག་འབྲེལ་དང་ ཚོགས་ཆུང་སྙན་ཞུ་ དེ་ལས་ ཚོགས་ཆུང་ཚུ་གི་ གཞུང་འབྲེལ་ཡིག་འཕྲིན་ཚུ་ གྲ་སྒྲིག་འབད་ནི།

  • ཚོགས་ཆུང་གི་གྲོས་ཆོད་ཚུ་ ཞུན་དག་འབད་ནི་དང་ པར་ཡིག་བཏབ་ནི་ བཀྲམ་སྤེལ་དང་ གཏན་མཛོད་ནང་བཙུག་ནི་དང་ ཡང་ན་ བྱ་རིམ་དང་ ཞལ་འཛོམས་ཚུ་ ག་སླབ་ཡིག་ཐོག་བཀོད་ནི།

  • ཚོགས་ཆུང་ཚུ་ལུ་གཏང་ཡོད་པའི་ དཔྱད་ཡིག་ཚུ་གི་ གནས་ཚད་སྙན་ཞུ་གྲ་སྒྲིག་དང་ ལྟ་རྟོག་འབད་དེ་ ཚོགས་ཆུང་གི་ལཱ་ལུ་ བྱ་སྒོའི་རིམ་པའི་ལམ་སྟོན་དང་ ཁྱད་རིག་སླབ་སྟོན་ཚུ་ཐོབ་སྤྱོད་ལུ་ གཏན་འཁེལ་བཟོ་ནི།