Dark Mode
Sunday, 19 October 2025

Welcome to the National Assembly of Bhutan's website...

རྒྱལ་ཡོངས་ཚོགས་འདུ།

 

རྒྱལ་ཡོངས་ཚོགས་འདུ་འདི་ འབྲུག་གི་ཚོགས་ཁང་གཉིས་ལྡན་ཁྲིམས་བཟོ་གཙུག་སྡེ་ འབྲུག་རྒྱལ་པོ་བཅས་ཀྱིས་ འབྲུག་གི་ སྤྱི་ཚོགས་ཨིན་པའི་ ཚོགས་ཁང་གཉིས་ལས་གཅིག་ཨིན།

ཚོགས་ཁང་འདི་གཉིས་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་༡༡ པ་དང་༡༢ པའི་དགོངས་དོན་དང་ འཁྲིལ་ཏེ་ སྤྱི་ཚོགས་དང་ གཞུང་གཞི་བཙུགས་གནང་ནིའི་དོན་ལུ་ སྤྱིར་བཏང་བཙགས་འཐུ་དང་པའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལུ་ གཞི་བཙུགས་མཛད་གནང་ཡི།

རྒྱལ་ཡོངས་ཚོགས་འདུ་ལུ་ རྒྱལ་ཁབ་ནང་གི་འདེམས་ཁོངས་༤༧ ལས་བཙགས་འཐུ་གྲུབ་པའི་འཐུས་མི་༤༧ ཡོད། འཐུས་མི་ཚུ་ཡང་ གཞུང་སྐྱོང་ཚོགས་པ་དང་ ལྡོགས་ཕྱོགས་ཚོགས་པ་གང་རུང་ཅིག་གི་ཁོངས་སུ་ གཏོགསཔ་ཨིན། རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་མི་རློབས་ཀྱི་ཚད་སྙོམས་དང་བསྟུན་ཏེ་ རྒྱལ་ཡོངས་ཚོགས་འདུའི་ བཙགས་འཐུ་གྲུབ་པའི་འཐུས་མི་མཐོ་ཤོས་༥༥ གི་གོ་སྐབས་ཡོད།