Dark Mode
Saturday, 07 June 2025

The Parliament is in its summer session...

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་གསུམ་པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་གསུམ་པའི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ།

ད་རིས་ སྤྱི་ཚེས་ ༢༣/༠༥/༢༠༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་སྤྱི་ཚོགས་བཞི་པའི་ཚོགས་ཐེངས་གསུམ་པའི་ སྒོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ཡོདཔ་དང་ འགོ་འབྱེད་རྟེན་འབྲེལ་ནང་ མི་དབང་སྐུ་འཁོར་ལྷན་རྒྱས་དང་  ཆེ་མཐོའི་གཞུང་གི་དཔོན་ཁག་ དེ་ལས་ ཕྱི་འབྲེལ་དོན་གཅོད་སྐུ་ཚབ་དང་ གཞན་ཡང་ སྒེར་སྡེ་ཁག་གི་གཙོ་འཛིན་ཚུ་གིས་མ་ཚད་པར་ ས་གནས་གཞུང་གི་ངོ་ཚབ་དང་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཆིབས་གྲལ་དང་སེར་སྦྲེངས་ཀྱི་སྒོ་ལས་ མི་རྗེ་ཚོགས་དཔོན་གྱིས་ གཙོས་པའི་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ མི་རྗེ་བློན་ཆེན་ མི་རྗེ་ལྡོག་ཕྱོགས་འགོ་ཁྲིདཔ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ ཚོགས་ཁང་ཆེན་མོའི་ནང་ གདན་འདྲེན་ཞུ་སྟེ་ འགོ་བཙུགས་གནང་ཡོདཔ་ཨིན།

མི་རྗེ་ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འགོ་འབྱེད་མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཞུ་ཡོདཔ་དང་ མི་དབང་མངའ་བདག་རིན་པོ་ཆེ་གིས་ རྒྱལ་ཁབ་ཀྱི་ རང་བཙན་སྲུང་སྐྱོབ་དང་ དཔལ་འབྱོར་ ལ་སོགས་པའི་ ཡར་རྒྱས་གོང་འཕེལ་ དེ་ལས་ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལུ་ ཕྱག་ལཱ་མཛད་གནང་མི་ཚུ་གི་སྐོར་ལས་  གསལ་བཤད་ཕུལ་ཡོདཔ་ཨིན།

མི་རྗེ་ཚོགས་དཔོན་གྱིས་ འཕྲལ་ཁམས་ཅིག་ཁར་ ཐའི་ལེནཌ་ (Thailand) གི་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ རྒྱལ་ཁབ་ཀྱི་གཟིགས་སྐོར་གནང་པའི་སྐབས་ལུ་ ནང་རྟེན་རྩ་ཅན་ མཇལ་ཁ་གནང་མི་དེ་གིས་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཆོས་འབྲེལ་གྱི་མཐུན་ལམ་ཚུ་ གོང་ལས་གོང་འཕེལ་འགྱོ་ཚུགས་ནི་ལུ་ ཕན་རླབས་འབྱུང་ནི་ཨིནམ་སྦེ་ཞུ་ཡི།

དེ་མ་ཚད་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ནང་ དམིགས་བསལ་ རྒྱལ་པོའི་ལས་འགུལ་ཐོག་ལས་ ལས་འགུལ་ཁག་ ༢ དང་ གཞན་ ཆོས་དང་འབྲེལ་བའི་ ལས་འགུལ་ཁག་བརྒྱད་ གཞི་བཙུག་གི་བཀའ་ཤོག་གནང་མི་ལུ་ བཀའ་དྲིན་ཆེ་ཟེར་ཞུ་ཡི།

ད་རུང་ མི་རྗེ་ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཛམ་གླིང་ནང་ མི་སྡེའི་ལྟ་བ་ལུ་གཟིགས་ཏེ་ Myanmar ལུ་ ས་གཡོམ་གྱིས་གནོད་རྐྱེན་རྐྱབ་པའི་སྐབས་ལུ་ འབྲུག་གི་ཧོངས་ལས་ གྲོགས་རམ་འབད་བར་བཏང་གནང་མི་དེ་ལུ་ཡང་ བཀྲིན་དགའ་ཚོར་ཞུ་ཡོདཔ་མ་ཚད་ བདེ་སྲུང་ལས་རིམ་དང་ རྒྱལ་སྲུང་ལས་རིམ་ཚུ་ གཞི་བཙུགས་གནང་མཛད་གནང་མི་ལུ་ཡང་ བཀྲིན་དགའ་ཚོར་ཞུ་ཡི།

སྤྱི་ཚོགས་ཀྱི་ཧོངས་ལས་ རྒྱལ་ཡོངས་ཀྱི་ཡབ་རྗེ་དམ་པ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་ དེ་ལས་ མི་དབང་རྒྱལ་ཡུམ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ལུ་ ཡུན་བརྟན་གྱི་ཞབས་ཏོག་དང་ ཆོས་དང་འབྲེལ་བའི་ ཕྱག་ལཱ་མཛད་མི་ཚུ་ལུ་ བཀའ་དྲིན་དགའ་ཚོར་ཞུ་བའི་ཁར་ སྐུའི་འཁྲུངས་སྐར་དུས་སྟོན་གྱི་ ལོ་འདི་ལུ་  འབྲུག་མི་ཡོངས་ཀྱི་ཧོངས་ལས་ སྨོན་ལམ་ཚུ་ཕུལ་དགོཔ་ཁག་ཆེ་བའི་ དྲན་གསོ་ཕུལ་ཡི།

མི་རྗེ་ཚོགས་དཔོན་གྱིས་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་དང་ མཚན་ལྡན་གྱི་བླ་སློབ་ཡོངས་ཀྱིས་ བཀའ་ཆོས་བཀའ་དབང་གནང་མི་དེ་ལུ་ བཀྲིན་དགའ་ཚོར་ཞུ་བའི་ཁར་ བློན་ཆེན་མཆོག་གིས་ རྒྱལ་ཡོངས་དང་ རྒྱལ་སྤྱིའི་མཉམ་འབྲེལ་ ཡར་དྲག་བཏང་སྟེ་ རྒྱལ་ཁབ་ གོང་འཕེལ་བཏང་གནང་མི་ལུ་ཡང་ བཀའ་དྲིན་ཆེ་ཟེར་ཞུ་ཡི།

ཚོགས་ཐེངས་འདི་ནང་ལུ་ གསུང་གྲོས་གནང་ནི་ཨིན་པའི་ ཚོགས་ཐེངས་ཀྱི་བྱ་སྒོའི་རིམ་པའི་ གྲོས་གཞི་ཚུ་ གསལ་བཤད་བཅུད་བསྡུས་ཕུལཝ་དང་འབྲེལ་ ཚོགས་ཐེངས་འདི་ མཐར་འཁྱོལ་ཅན་སྦེ་ འགྲོལ་གནང་ཚུགས་པའི་ རེ་སྨོན་ཕུལ་བའི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ སྐྱབས་རྗེ་རྣམ་གཉིས་ སྐུ་ཚེ་ཞབས་པད་བརྟན་པའི་ སྨོན་ལམ་ཡང་ཕུལ་ཡི།

སྤྱི་ཚོགས་ ༤ པའི་ ཚོགས་ཐེངས་ ༣ པ་དེ་ སྤྱི་ལོ་ ༢༠༢༥ ཟླ་ ༥ པའི་ཚེས་ ༢༣ ལས་ ཟླ་ ༧ པའི་ཚེས་ ༣ ཚུན་ འཚོགས་ནི་ཨིན་པའི་གནས་ཚུལ།

Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
18%
Stop them from leaving
15%