Dark Mode
Saturday, 07 June 2025

The Parliament is in its summer session...

མཁོ་སྒྲུབ་བཅའ་ཡིག་དང་སྒྲིག་གཞི་དང་འབྲེལ་བའི་གནད་དོན་ཚུ་གི་ཐོག་ལུ་ གྲོས་དོན་ཕུལ་བ།

མཁོ་སྒྲུབ་བཅའ་ཡིག་དང་སྒྲིག་གཞི་དང་འབྲེལ་བའི་གནད་དོན་ཚུ་གི་ཐོག་ལུ་ གྲོས་དོན་ཕུལ་བ།

ལམ་གོང་ཝང་ཅང་འདེམས་ཁོངས་ཀྱི་ འཐུས་མི་གིས་ སྤྱི་ལོ་ ༢༠༢༣ ཅན་མའི་ མཁོ་སྒྲུབ་བཅའ་ཡིག་དང་སྒྲིག་གཞི་གསརཔ་ ལག་ལེན་འཐབ་མི་ལུ་བརྟེན་ འབྲུག་པའི་ཁག་འབགཔ་དང་ བཀྲམ་སྤེལ་བ་ཚུ་ལུ་ གདོང་ལེན་བྱུང་མི་ལུ་ གྲོས་དོན་ཕུལ་ཡི། གྲོས་དོན་འདི་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ རྒྱལ་རབས་ཅན་གྱི་འཆར་དངུལ་ དངུལ་ཀྲམ་ས་ཡ་ ༥༡༢.༢༨༣ ཡོད་མི་དང་འབྲེལ་ ཧེ་མའི་འཆར་གཞི་ལས་ བརྒྱ་ཆ་ ༦༣ ཡར་སེང་སོང་ཡོདཔ་ཨིན་པས། མ་རྩའི་འཆར་དངུལ་རྐྱངམ་གཅིག་ དངུལ་ཀྲམ་ས་ཡ་ ༢༤༥ དེ་ཅིག་ཨིནམ་ད་ དེ་གིས་ འགྲོ་སོང་ཡོངས་བསྡོམས་ལས་ བརྒྱ་ཆ་ ༤༧.༨༣ དེ་ཅིག་ ཐོན་ཡོདཔ་ཨིན་པས།

 

འཐུས་མི་གིས་ གཤམ་གསལ་གྱི་ གྲོས་འདེབས་ཁག་ ༡༠ ཕུལ་ཡོདཔ།

 

༡༽ རྫོང་ཁག་གཞིར་བཞག་ ཚོང་འབྲེལ་གྱི་དགོས་མཁོ་བཏོན་གཏང་ནིཿ ས་གནས་ཀྱི་གཙུག་སྡེ་ཚུ་ལུ་ དོ་འགྲན་ཚད་འཛིན་འབད་མི་ བཀག་ཆ་ཚུ་མེདཔ་བཟོ་སྟེ་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ ཁག་འབགཔ་ཚུ་གིས་ རྒྱ་ཆེཝ་སྦེ་ བཅའ་མར་གཏོགས་བཅུག་ནི།

 

༢༽ གདམ་འཐུའི་ཚད་གཞི་སྒྲིང་སྒྲི་གཞི་བཙུགས་འབད་ནིཿ རིན་བསྡུར་ཚོགས་ཆུང་གི་ གདམ་འཐུའི་བྱ་རིམ་ལུ་ ལམ་སྟོན་འབད་ནིའི་དོན་ལུ་ ཁྱད་ཚད་ཁ་སྐོང་བཙུགས་ཏེ་ དྲང་བདེན་དང་ དྭངས་གསལ་ཅན་བཟོ་ནི།

 

༣༽ ཁག་འབགཔ་ཚུ་ ལོག་པའི་དྲན་ཐོ་བཀོད་ཡོད་མི་ཚུ་ ཟུར་བཏོན་འབད་ནིཿ ལས་འགུལ་གྱི་བདེན་ཁུངས་བདག་འཛིན་འཐབ་ནིའི་དོན་ལུ་ ལཱ་མཇུག་བསྡུ་བའི་ལོ་རྒྱུས་དང་ ངན་ལྷད་ཀྱི་ཉེས་འཛུགས་ ཡང་ན་ ཁྲིམས་བཤེར་འབད་བའི་བསྒང་ཡོད་པའི་ རིན་བསྡུར་པ་ཚུ་ འོས་འབབ་མེདཔ་བཟོ་ནི།

 

༤༽ གཏན་བཞག་མ་དངུལ་གྱི་གོ་རིམ་གཏང་ནིཿ ཁག་འབགཔ་ཚུ་ལུ་ གཏན་བཞག་མ་དངུལ་ཚུ་ གོ་རིམ་བཞིན་དུ་ ཐོབ་བཅུག་སྟེ་ སྐྱོན་འགན་འཁྲི་གི་ ངེས་གཏན་ཚུ་ལུ་ གནོད་སྐྱོན་མ་རྐྱབ་པར་ དངུལ་གྱི་རྒྱུན་འགྲུལ་ཡར་དྲག་གཏང་དགོ།

 

༥༽ ལས་ཁུངས་ཀྱི་ཚོད་རྩིས་ཚུ་ དྭངས་གསལ་སྦེ་ བརྗེ་སོར་འབད་ནིཿ དྲང་བདེན་གྱི་དོ་འགྲན་ཡར་དྲག་གཏང་ནི་དང་ ཕྱོགས་ལྷུང་ཅན་གྱི་གྲུབ་འབྲས་མར་ཕབ་འབད་ནིའི་དོན་ལུ་ རིན་བསྡུར་འབད་མི་ཆ་མཉམ་ལུ་ ལས་ཁུངས་ཀྱི་ཚད་རྩིས་ཚུ་ ཐོབ་ཚུགསཔ་བཟོ་ནི།

 

༦༽ བཟོ་རིག་ཐོན་ཁུངས་དགོས་མཁོ་ཚུ་བདེ་སྒྲིག་འབད་ནིཿ རིན་བསྡུར་གྱི་གནས་རིམ་ནང་མེན་པར་ ལས་འགུལ་ལག་ལེན་འཐབ་པའི་སྐབས་ རིན་བསྡུར་པ་ཚུ་གིས་ དགོས་མཁོའི་ཐོན་ཁུངས་ཚུ་ ཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ གཙོ་བོའི་ལས་བྱེདཔ་དང་ ཅ་ཆས་ཚུ་གི་དོན་ལུ་ དགོས་མཁོ་ཚུ་ བསྒྱུར་བཅོས་འབད་ནི།

 

༧༽ མཉམ་རུབ་ལས་དོན་ཚུ་ཡར་དྲག་གཏང་ནིཿ མཉམ་རུབ་ཡར་དྲག་གཏང་ནི་དང་ ལས་འགུལ་གྱི་ བཀྲམ་སྤེལ་ཡར་དྲག་གཏང་ཐབས་ལུ་ ཁག་འབགཔ་ཚུ་གི་བར་ན་ མཉམ་རུབ་ལས་དོན་ཚུ་ གཞི་བཙུགས་འབད་ནི་ལུ་ སེམས་ཤུགས་བྱིན་ནི།

 

༨༽ གློག་རིག་མཁོ་སྒྲུབ་ལམ་ལུགས་གཅིག་སྒྲིལ་འབད་ནིཿ གཞུང་གི་གློག་རིག་མཁོ་སྒྲུབ་ལམ་ལུགས་འདི་ འབྲེལ་ཡོད་གནས་སྡུད་གཞི་རྟེན་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ མཁོ་སྒྲུབ་ཀྱི་བྱ་རིམ་ཚུ་ མཐུན་སྒྲིག་བཟོ་སྟེ་ ལག་ཐོག་འཛོལ་བ་ཚུ་ རྩ་མེད་གཏང་ནི་དང་ འཇོན་ཐངས་ཡར་དྲག་གཏང་ནི།

 

༩༽  དང་ལེན་སྒྲིང་སྒྲི་དང་བལྟ་རྟོག་ཐབས་བྱུསཿ 

 


གྲོས་འདེབས་དེ་གུ་ ཚོགས་དམངས་ཀྱིས་ གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ཞུ་མི་ནང་ མི་སེར་མང་ཤོས་ཅིག་ར་ སྒེར་སྡེ་ལུ་ བརྟེན་སྡོད་དོ་ཡོདཔ་ལས་ རྒྱབ་སྐྱོར་འབད་དགོཔ་འདི་ ཁག་ཆེཝ་དང་གཅིག་ཁར་ གཞུང་གིས་ ཞབས་ཏོག་གནང་པའི་སྐབས་ མི་སེར་དང་ ཞབས་ཏོག་ཚུ་ མཐུན་སྒྲིག་ཅན་སྦེ་ བཟོ་དགོ་པའི་ དུས་ཚོད་རན་ཡོདཔ་ལས་བརྟེན་ དེ་ལུ་གཙོ་བོར་བཏོན་དགོཔ་སྦེ་ཞུ་ཡི།

 

ནང་སྲིད་བློན་པོ་གིས་ གཞུང་དང་སྒེར་སྡེའི་དོན་ལུ་ ཁྲིམས་ལུགས་གཉིས་ཡོདཔ་སྦེ་ ཚོར་དོ་ཡོདཔ་མ་ཚད་ དེ་བཟུམ་གྱི་ ལམ་ལུགས་ལས་བརྟེན་པའི་ ཁྱད་པར་འདི་ ད་ལྟོའི་བར་ན་ཡང་ ཁྱབ་ཆེ་སུ་ཅིག་སྦེ་ཡོད་མི་དེ་ འཕྲོ་མཐུད་དེ་ར་སྡོད་པ་ཅིན་ སྒེར་སྡེ་དང་ལས་ཁུངས་ཚུ་ ནམ་ཡང་ གོང་འཕེལ་འགྱོ་མི་སྲིད་ནི་ཨིནམ་ལས་ སྤྱིར་བཏང་ ཁག་འབགཔ་ཚུ་ལུ་ གོ་སྐབས་འདྲ་མཉམ་དང་ ཁེ་ཕན་འབྱུང་ཚུགས་པའི་ རིན་བསྡུར་གྱི་བྱ་སྒོའི་ལམ་ལུགས་ཚུ་ ཚུལ་མཐུན་ཅིག་སྦེ་ ལག་ལེན་འཐབ་དགོཔ་ཁག་ཆེ་བའི་ དྲན་གསོ་ཕུལ་ཡི།  

 

དེ་ཁར་ བར་མཚམས་གཤོང་ཕུག་འཐུས་མི་གིས་ གཞུང་གི་ཁ་ཐུག་ལས་ མཁོ་སྒྲུབ་དང་འབྲེལ་བའི་དཔྱད་ཡིག་ཅིག་  གསརཔ་བཞེངས་ཏེ་ བཙུགས་དགོཔ་སྦེ་ བསམ་འཆར་ཞུ་མི་ལུ་ འཐུས་མི་མང་ཤོས་ཅིག་གིས་ རྒྱབན་སྣོན་གྱི་ཞུ་བ་ཚུ་ཕུལ་ཡི།


ཚོགས་ཁང་གིས་ གྲོས་འདེབས་དེ་ཚུ་ལུ་ ངོས་ལེན་ཡོད་མེད་ རྒྱན་སྐྱུར་ཐོག་ལས་གཟིགསཔ་ད་ རྒྱན་སྐྱུར་ཚོགས་གྲལ་འཐུས་མི་ཡོངས་བསྡོམས་ ༤༣ ཡོད་མི་ཚུ་ཆ་མཉམ་གྱིས་ རྒྱབ་སྐྱོར་ཧྲིལ་བུམ་ཕུལ་ཏེ་ གྲོས་དོན་ལས་བརྟེན་པའི་ གྲོས་འདེབས་ཚུ་ ཆ་འཇོག་གྲུབ་གནང་པའི་ཤུལ་ ཚོགས་ཁང་གིས་ དངུལ་རྩིས་བློན་པོ་དང་ དངུལ་རྩིས་ལྷན་ཁག་གིས་ ཚོགས་ཁང་གིས་ ཆ་འཇོག་གྲུབ་པའི་ གྲོས་འདེབས་ཚུ་ བསྐྱར་ཞིབ་ཀྱི་ཐོག་ལས་ དང་ལེན་འབད་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

Comment

Vote / Poll

How should the government react to Bhutanese leaving to Australa ?

View Results
Encourage them
68%
Discourage them
18%
Stop them from leaving
15%